ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་ནང་ཉིན་བཅུ་ཙམ་གྱི་རིང་གསུང་ཆོས་སོགས་ཀྱི་མཛད་འཆར་བསྐྱང་ཆེད་མགོན་པོ་གང་ཉིད་དེ་གར་༸ཞབས་སོར་འཁོད་ནས། དེ་རིང་༸གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡའི་ བུ་ལུ་མོའུ་ཀྲན་ཞེས་པའི་དབེན་གནས་ས་ཁུལ་དུ་ཉིན་ལྔ་ཙམ་རིང་གི་གསུང་ཆོས་དབུ་འཛུགས་གནང་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་སྐུ་ཞབས་བཀྲ་ཤིས་ཐེག་ཆོས་ལགས་སུ་གོང་ས་མཆོག་གི་གསུང་ཆོས་སྐོར་གནས་འདྲི་ཞུས་ཡོད།།

XS
SM
MD
LG