ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་དང་རྒྱ་ནག་བར་ཞི་བདེ་འདོད་ཀྱི་ཡོད་ན་བོད་ཀྱི་གནད་དོན་སྣང་མེད་གཏོང་རྒྱུ་མེད།


རྒྱ་གར་གྱི་གསར་འགྱུར་ལས་ཁང་ཞིག་གི་གསར་འགོད་པས་བོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བོད་ནང་གི་ད་ལྟའི་གནས་སྟངས་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཚུད་པའི་གནད་དོན་མང་པོའི་ཐད་གནས་འདྲི་ཞུས་ཡོད་ཅིང། སྲིད་སྐྱོང་མཆོག་གིས་གསར་འགོད་པ་ཨ་ཇེ་ ཨ་ཤ་རབ་ཀྱི་འདྲི་བར་བཀའ་ལན་གནང་སྟེ་། གལ་ཏེ་ རྒྱ་གར་དང་རྒྱ་ནག་གཉིས་བར་ཞི་བདེ་བརྟན་ལྷིང་དགོས་ན། ཡུལ་གྲུ་གཉིས་ཀྱིས་བོད་ཀྱི་གནད་དོན་སྣང་མེད་གཏོང་ཐབས་མེད་ཅེས་གསུངས་པ་དང་འབྲེལ། རྒྱལ་སྤྱིའི་དབུ་ཁྲིད་ཚོར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུ་མེད་པ་དང་། བོད་དོན་སྐོར་གླེང་སློང་བྱ་རྒྱུ་མེད་ལུགས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གཞུང་མང་པོར་གནོད་ཤུགས་སྤྲོད་ཀྱི་ཡོད་པས། གལ་ཏེ་ རྒྱ་དཀར་ནག་གཉིས་དབར་ཞི་བདེ་དང་འཆམ་མཐུན་དགོས་པ་ཡིན་ན། བོད་ཀྱི་གནད་དོན་གླེང་སློང་མ་བྱས་ཐབས་མེད་རེད་ཅེས་སྲིད་སྐྱོང་མཆོག་གིས་ནན་བརྗོད་གནང་འདུག རྒྱ་ནག་གིས་བོད་དོན་འདི་རྒྱ་ནག་གི་གནད་དོན་ཧ་ཅང་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་བཞིན། རྒྱ་གར་གཞུང་གིས་ཀྱང་བོད་དོན་དེ་རྒྱ་གར་གྱི་གནད་དོན་གཙོ་གྲས་ཤིག་ལ་ངོས་འཛིན་བྱ་རྒྱུ་ བོད་མི་ཚོས་ཡིད་ཆེས་དང་རེ་བ་བྱེད་ཀྱི་ཡོད་ཅེས་སྲིད་སྐྱོང་གིས་མུ་མཐུད་དེ་གསུངས་གནང་ཡོད་འདུག

XS
SM
MD
LG