ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བལ་ཡུལ་གྱི་ས་ཡོམ་དང་བོད་ཀྱི་ནང་དུ་ཆུ་མཛོད་ཁག་གི་ཉེན་ཀ


ཉེ་ཆར་བལ་ཡུལ་ས་ཡོམ་ཚབས་ཆེན་བརྒྱབ་པ་དང་ད་དུང་ཡང་ས་འགུལ་རྒྱུག་སྲིད་པའི་རྒྱུའི་ཉེན་ཀ་ཡོད་ཀྱང་རྒྱ་ནག་གིས་བོད་ཀྱི་མཐོ་སྒང་ས་ཁུལ་དུ་ ཆུ་ཤུགས་གློག་ཁང་མང་དག་ཅིག་འཛུགས་སྐྲུན་བྱེད་ཀྱི་ཡོད་ཅིང་། ད་ལྟ་མཁས་པ་ཚོས་བོད་ནང་ལ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱ་རྒྱུ་དགོས་གལ་མེད་ལུགས་བརྗོད་ཀྱི་ཡོད་རུང་། ད་ལྟའི་སྐབས་འདིར་བོད་ལ་ས་འགུལ་བརྒྱུག་རྒྱུ་ཡིན་པའི་གཞི་རྩའི་གནས་ཚུལ་གསལ་པོ་ཞིག་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ཡིན་ནའང་ཟླ་བ་སྔོན་མར་བལ་ཡུལ་ལ་ས་ཡོམ་ཚབས་ཆེན་ བརྒྱབ་པ་དེ་ལ་བརྟེན་ནས་བལ་ཡུལ་གྱི་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་གྱི་ལས་གཞི་བཅུ་ཕྲག་གཅིག་ཡས་མས་ཤིག་ལ་གནོད་སྐྱོན་ཚབས་ཆེནཐེབས་ཡོད་སྲིད་པས། ས་འགུལ་གྱི་ཉེན་ཀ་ཧ་ཅང་གི་ཆེན་པོ་ཡོད་པའི་བལ་ཡུལ་གྱི་ས་མཚམས་བོད་ཀྱི་ས་ཁུལ་ཁག་ཏུ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱ་རྒྱུ་དགོས་ངེས་ཤིག་མ་རེད་ཅེས་ཉེན་བརྡ་གཏོང་གི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG