ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉེ་ཆར་བལ་ཡུལ་ལ་ས་འགུལ་བརྒྱུགས་ནས་མི་རྒྱུ་ཟོག་གསུམ་ལ་བསམ་ཡུལ་ལས་འདས་པའི་གོད་ཆག་ཚབས་ཆེན་བྱུང་སྟེ། བལ་བོ་ཁྲི་ཕྲག་མང་པོར་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐབས་འདིར་ཕྱི་ནང་གཉིས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བལ་ཡུལ་ལ་རོགས་སྐྱོབ་སྤྲོད་པའི་ལས་འགུལ་སྤེལ་བཞིན་ཡོད་ཅིང་། བལ་ཡུལ་དུ་གནས་སྡོད་བྱེད་མཁན་བོད་པ་ཚོས་གང་ནུས་ཀྱིས་རོགས་རམ་ལས་འགུལ་སྤེལ་གྱི་ཡོད་པ་མ་ཟད། བལ་པོ་འབྱོར་ལྡན་པ་ཝི་ནོཊ་ཅོཊ་རིས་བསྐྱར་གསོ་འཛུགས་སྐྲུན་ལས་འཆར་ཁོངས་སུ་སྡོད་ཁང་གཅིག་ཁྲི་ཙམ་ཞིག་གསར་རྒྱག་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།།

XS
SM
MD
LG