ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་སྟོབས་ཤུགས་ཆ་སྙོམས།


འདས་པའི་གཟའ་འཁོར་གཉིས་ཀྱི་རིང་ལ་ཨ་རི་དང་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཅིག་གི་ཕྱི་དྲིལ་དམ་ཟབ་གཏོང་བའི་མཛད་སྒོ་རིམ་པ་ཞིག་ཚོགས་ཡོད་ཅིང་། དཔེར་ན་མ་ལེ་ཞི་ཡའི་རྒྱལ་ས་ཀོ་ལ་ལན་པུར་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་མཇུག་བསྒྲིལ་པ་དང་། ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེ་ཨ་མི་རི་ཀར་གཟའ་འཁོར་གཅིག་གི་རྒྱལ་དོན་འཚམས་འདྲིར་ཕེབས་ཡོད་པ་དང་། སྐབས་དེར་ཉི་ཧོང་གི་སྲིད་བློན་དང་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་རྩོད་དང་རྒྱ་ནག་དང་ཧྥི་ལི་ཕིན་འབྲེལ་བ་སྡུག་ཏུ་འགྲོ་བཞིན་ཡོད་པ་བཅས་ལའང་གྲོས་བསྡུར་བྱས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG