ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་ཀྱི་ནང་ས་ཡོམ་བརྒྱབས་པའི་རྐྱེན་གྱིས་ད་ཕན་མི་༢༥ལ་སྲོག་སྐྱོན་བྱུང་ཡོད་པ།


རེས་གཟའ་སྤེན་པའི་ཉིན་ བལ་ཡུལ་ནང་བསྟོར་ཚབས་ཤིན་ཏུ་ཆེ་བའི་ས་ཡོམ་ཞིག་བརྒྱབས་ཏེ་ མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་བསམ་ཡུལ་ལས་འདས་པ་བྱུང་བའི་སྐབས་དེར་ བལ་ཡུལ་དང་ས་འབྲེལ་འཁེལ་བའི་བོད་ཀྱི་ས་ཁུལ་ཁག་ཅིག་དང་ རྒྱ་གར་དང་ བྷང་ལ་དེཤ་ འབྲུག་ཡུལ་བཅས་ཀྱི་ནང་དུའང་ས་ཡོམ་བརྒྱབས་ཏེ་ མི་རྒྱུ་གཉིས་ཀར་གནོད་སྐྱོན་དང་གོད་ཆག་བྱུང་ཡོད་ཅིང་ རྒྱ་ནག་གཞུང་འབྲེལ་ཤིན་ཧོའ་གསར་སྤེལ་ཁང་གིས་ གཟའ་མིག་དམར་ཉིན་གནས་ཚུལ་སྤེལ་གསལ་ལྟར་ན་ བོད་ཀྱི་ས་ཁུལ་ཁག་གི་ནང་ མི་ལ་སྲོག་སྐྱོན་བྱུང་བའི་གྲངས་འབོར་ ད་ཆ་༢༥ལ་འཕར་ཡོད་པ་མ་ཟད་ རྨས་སྐྱོན་བྱུང་བའི་གྲངས་འབོར་ཡང་༡༡༧ལ་བསླེབས་ཡོད་འདུག མི་ལ་ཤི་རྨས་ཀྱི་གནས་ཚུལ་དེ་ཚོ་གཙོ་བོ་ བལ་ཡུལ་དང་ས་འབྲེལ་འཁེལ་བའི་བོད་ཀྱི་ས་ཁུལ་སྐྱིད་རོང་དང་ གཉའ་ལམ་ དེ་བཞིན་ དིང་རི་བཅས་ཀྱི་ནང་བྱུང་ཡོད་པ་དང་ ས་གནས་དེ་གསུམ་གྱི་ནང་ཁང་པ་བརྒྱ་ཆ་༨༠མིན་ཙམ་ཞིག་ལོག་སྟེ་ མི་མང་པོ་སྡོད་གནས་མེད་པར་གྱུར་ཡོད་འདུག

XS
SM
MD
LG