ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༣/༢༣

རང་ལུས་མེར་སྲེག་གཏོང་མཁན་ཆེད་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མཆོད་འབུལ་སྨོན་ལམ།


ཉེ་དུས་རང་ བོད་དོན་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་བཙུན་མ་ཡེ་ཤེས་མཁའ་འགྲོ་ལགས་དང་ གནས་སྐྱབས་ལགས་ཀྱི་ཆེད་དུ་ བཞུགས་སྒར་རྡ་རམ་ས་ལར་མཆོད་འབུལ་སྨོན་ལམ་གནང་ཡོད་ཅིང་ དེ་ཡང་ ཕྱི་ལོ་༢༠༡༥ལོའི་ཟླ་བ་བཞི་པའི་ཚེས་བརྒྱད་ཉིན་ བོད་ནང་གི་སྔ་དྲོའི་ཆུ་ཚོད་དགུ་པ་ཡས་མས་སུ་ དཀར་མཛེས་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱི་ཉེ་འཁྲིས་སུ་ ངང་དཀར་ཇོ་མོ་དགོན་གྱི་བཙུན་མ་ཡེ་ཤེས་མཁའ་འགྲོ་ལགས་ཀྱིས་ རྒྱ་ནག་གཞུང་གི་བོད་ལ་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱ་རྒྱུའི་ཆེད་དུ་ རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ་དང་ དེ་རྗེས་ ཟླ་བ་དེའི་ཚེས་༡༦ཉིན་གྱི་སྔ་དྲོ་ མདོ་སྨད་རྔ་བ་ཀིརྟི་དགོན་པའི་ཉེ་འགྲམ་དུ་ དམ་དཀར་རམ་ གནས་སྐྱབས་ལགས་ཀྱིས་དེ་མཚུངས་ རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་རྒྱུའི་ཆེད་དུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་བྱུང་ཡོད་སྟབས་ ཕྱི་ཟླ་བཞི་པའི་ཚེས་༢༢ཉིན་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་ ཁོང་རྣམ་པ་གཉིས་ཀྱི་ཆེད་དུ་ ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གྱི་ཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་གནང་ཡོད་འདུག

XS
SM
MD
LG