ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་འཁོར་སྔོན་མ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག ཉི་ཧོང་ལ་ཆིབས་བསྒྱུར་བསྐྱང་ ཐེངས་ ༢༡ པའི་སྐབས་སུ། ཐུགས་སྤྲོ་སྣང་ཆེན་པོའི་སྒོ་ནས། ཉི་ཧོང་གི་ས་ཁུལ་མང་པོའི་ནང་མང་ཚོགས་ཀྱི་འདུ་འཛོམས་ཆེན་པོ་ཡོད་པ་ རྣམས་ལ། མི་ཚེ་བདེ་སྐྱིད་དང་། དོན་དང་ལྡན་པ་གང་འདྲ་སྐྱེལ་དགོས་པའི་ ཐད། ལམ་སྟོན་གྱི་བཀའ་སློབ་ཟབ་མོ་གནང་ཡོད་པ་དང་། Kyodo གསར་འགྱུར་ལས་ཁུངས་ཀྱིས་གནས་འདྲི་ཞུས་པ་ཞིག་གི་ནང་། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བོད་མི་གནས་སྡོད་ བྱ་ཡུལ་བོད་ཀྱི་ས་ཁུལ་ཡོངས་རྫོགས་ལ་ཚད་མཐོའི་རང་སྲིད་རང་སྐྱོང་གི་ཁེ་ དབང་ཡོད་དགོས་པ་དང་། བོད་ཀྱི་དཀའ་རྙོག་སེལ་ཐབས་སུ། རྒྱ་ནག་གི་ འགོ་ཁྲིད་རྣམས་དང་། གྲོས་མོལ་གནང་ཐུབ་པའི་ཐུགས་རེ་གནང་གི་ཡོད་ལུགས་ སོགས་ཆབ་སྲིད་ཀྱི་གནད་དོན་ཁག་གླེང་སློང་གནང་ཡོད་པ་རེད། ༧གོང་ས་མཆོག་གིས་མུ་མཐུད་གསུངས་དོན་ལ། རྒྱ་ནག་གཞུང་གིས། ༧གོང་ས་མཆོག་གང་ཉིད་ཁ་བྲལ་རིང་ལུགས་པ་ཡིན་པའི་སྐྱོན་འཛུགས་བྱ་ རྒྱུ་མཚམས་འཇོག་བྱས་ཏེ། དེའི་ཚབ་ཏུ། བོད་རིགས་གནས་སྡོད་བྱ་ཡུལ་གྱི་ས་ ཁུལ་ཁག་ཏུ་རྒྱུན་གནས་ཐུབ་པའི་བརྟན་ལྷིང་བསྐྲུན་ཐབས་སུ་གྲོས་མོལ་སླར་ གསོ་བྱེད་དགོས་པའི་འབོད་བསྐུལ་གནང་ཡོད་འདུག རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་ཏེ་ངོ་ལོ་གཅིག་གི་མཇུག་ ཏུ། ཕྱི་ལོ་༡༩༥༠ ལོར་རྒྱ་ནག་གི་དཔུང་དམག་གིས། བོད་ཀྱི་ས་ཁུལ་ཁག་ཏུ་ བཙན་འཛུལ་བྱེད་འགོ་ཚུགས་ཏེ། ཕྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་སུ་ དུས་འགྱུར་བྱུང་པའི་རྐྱེན་གྱིས། ༧གོང་ས་མཆོག རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ དགོས་བྱུང་ཡོད་པ་དང་། ཕྱི་ལོ་༢༠༠༢་ལོའི་ནང་། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་པ་རྣམས་ དང་། རྒྱ་ནག་ངོས་ཀྱི་སྐུ་ཚབ་འཐུས་མིའི་དབར་གྲོས་མོལ་འགོ་འཛུགས་ བྱས་ཡོད་ཀྱང་། རྒྱ་ནག་གིས་བོད་དབང་བསྒྱུར་བཙན་བཟུང་བྱེད་བཞིན་པར། བོད་ནང་གི་བོད་མི་རྣམས་ཀྱིས་ངོ་རྒོལ་བྱེད་པའི་ལས་འགུལ་སྤེལ་ཤུགས་ཆེ་རུ་ ཕྱིན་པ་སོགས་ཕྱི་ལོ་༢༠༡༠ ལོའི་ནང་རྒྱ་ནག་དང་གྲོས་མོལ་བྱེད་སྒོ་ཁག་ མཚམས་ཆད་ཡོད་པ་རེད།

XS
SM
MD
LG