ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་ཡུ་རོབ་མཉམ་འབྲེལ་ཀྱིས་ཚོང་འབྲེལ་གྱི་བཀའ་གྲོས་གནང་གི་ཡོད་པ།


ཨ་མི་རི་ཀ་དང་ཡུ་རོབ་ཡུལ་ཁག་ཚོས་ཚོང་འབྲེལ་དང་མ་རྩ་འཛུགས་འཇོག་བྱེད་ཕྱོཌ་ཀྱི་ཐད་དཔོན་རིགས་ཚོས་ཁ་ས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་ལྷན་འཛོམས་གནང་རྒྱུ་དབུ་འཛུགས་གནང་ཡོད་ཅིང་། ཉིན་བཞིའི་ལྷན་འཛོམས་དེའི་སར་མི་འབོར་ཁྱོན་བསྡོམས་དུང་ཕྱུར་༨ཡོད་པའི་ཨ་མི་རི་ཀ་དང་ཡུ་རོབ་ཀྱི་ཡུལ་ཁག་ཚོར་སྒོ་ཁྲལ་མེད་པ་བཟོ་བ་དང་། མ་རྩ་འཛུགས་འཇོག་གི་ཐད་དམ་དྲག་དེ་ཚོ་མེད་བ་བཟོ་ཕྱོཌ་ཀྱི་སྐོར་བཀའ་གྲོས་གནང་གི་ཡོད་འདུག ཕྱོཌ་གཉིས་ཀྱིས་སྒོ་ཁྲལ་སྤྲོད་མི་དགོས་པར་རང་དབང་གི་སྒོ་ནས་ཚོང་འབྲེལ་བྱེད་པ་དང་མ་རྩ་འཇུགས་འཇོག་བྱེད་ཐུབ་པ་ཡིན་ན། དེས་ཡུ་རོབ་དང་ཨ་མི་རི་ཀའི་ནང་འཚོ་རྟེན་ལས་ཀ་གསར་པ་བྱེ་བ་༡དང་ས་ཡ་༣བསྐྲུན་ཐུབ་ཀྱི་ཡོད་པའི་སྐོར་གསར་འགོད་པ་བྷེད་ཀྲི་ཡིས་སྤེལ་བའི་གནས་ཚུལ་དེ་སྙན་སྒྲོན་གནང་གི་རེད།

XS
SM
MD
LG