ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བརྒྱད་ཅུ་ལ་བརྒྱད་ཅུའི་ཆེད་ཞེས་པའི་རོགས་སྐྱོར་ལས་འཆར།


ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ནང་རྟེན་གཞི་བྱས་པའི་ཧི་མ་ལ་ཡའི་རྒན་རབས་ལས་ འཆར་ཚོགས་པས་བརྒྱད་ཅུ་ལ་བརྒྱད་ཅུའི་ཆེད་ཞེས་པའི་རོགས་སྐྱོར་ལས་འཆར་ཞིག་འགོ་ བཙུགས་ཏེ། རྒྱ་གར་ནང་གི་བོད་མི་བགྲེས་སོང་བརྒྱད་ཅུ་ལ་ཟླ་བ་༡༢ རིང་གྲོན་དངུལ་རོགས་ རམ་གནང་རྒྱུའི་ཐག་གཅོད་གནང་འདུག འདི་ལོ་བོད་མིའི་མགོན་སྐྱབས་༧སྤྱི་ནོར་༧གོང་ས་ ༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ ལུགས་ལྟར་དགུངས་གྲངས་༨༠ ལ་ཕེབས་པའི་དུས་སྐབས་ དང་བསྟུན་ནས། ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ནང་རྟེན་གཞི་བྱས་པའི་ ཧི་མ་ལ་ཡའི་རྒན་ རབས་ལས་འཆར་ཚོགས་པས་རྒྱ་གར་ནང་ཡོད་པའི་བོད་མི་བགྲེས་སོང་ཉམ་ ཐག་བརྒྱད་ཅུ་ལ་ ལོ་འཁོར་མོ་གཅིག་གི་རིང་རོགས་སྐྱོར་དང་ལྟ་སྐྱོང་བྱ་རྒྱུའི་ལས་ འཆར་འདི་འགོ་བཙུགས་གནང་བ་ཞིག་ཡིན་པ་རེད། ལས་འཆར་འདིའི་ཐོག་ནས་ བོད་མི་བགྲེས་སོང་གང་འཚམས་ཞིག་ལ་ལོ་འཁོར་མོ་གཅིག་གི་རིང་རྒྱ་སྒར་གྱི་སྒོར་ མོ་ཆིག་སྟོང་༥༠༠ རོགས་དངུལ་ཞལ་འདེབས་གནང་ རྒྱུ་ཡིན་ཞིང་། ལས་དོན་འདི་ འདི་ལོའི་ཟླ་བ་བདུན་པའི་ཕྱི་ཚེས་དྲུག་སྟེ་ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུའི་འཁྲུངས་སྐར་ཉིན་ནས་འགོ་བཙུགས་ ཏེ་༢༠༡༦ ལོའི་ཟླ་བ་བདུན་ པའི་ཕྱི་ཚེས་༦ བར་ཁྱོན་ཟླ་བ་༡༢ ལག་ལེན་བསྟར་རྒྱུའི་དགོངས་གཞི་ཡོད་པ་རེད། བཀའ་ བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ལ་ ཆེད་ཕེབས་ གནང་བའི་སྐབས་དང་བསྟུན། རིན་པོ་ཆེ་མཆོག་གིས་ལས་འཆར་དེ་དབུ་བྱེད་གནང་ཡོད་པ་ རེད། ལས་འཆར་འདི་གཙོ་བོ་ཧི་མ་ལ་ཡའི་རྒན་རབས་ལས་འཆར་ཚོགས་པ་གསར་བཙུགས་ གནང་མཁན་ཐུབ་བསྟན་ཤེས་རབ་ལགས་དང་ ལྕགས་རི་ཤར་ཐུབ་བསྟན་གཉིས་ཀྱི་འགོ་ ཁྲིད་པའི་ཐོག་ནས་ལག་བསྟར་གནང་འཆར་ཡོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG