ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་རྒྱ་ནག་ནི་གློག་གིས་འཕྲུལ་ཆས་ཀྱི་འགད་སྙིགས་དབྱུགས་མཁན་མང་ཤོས།


འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་སྙན་ཐོ་ཞིག་བཏོན་པའི་ནང་ཨ་རི་དང་རྒྱ་ནག་གཉིས་ནི་གློག་གི་འཕྲུལ་ཆས་ཀྱི་འགད་སྙིགས་དབྱུག་མཁན་མང་ཤོས་ཡིན་པ། འཕྲུལ་ཆས་ཀྱི་འགད་སྙིགས་ཁོངས་སུ་ལག་ཐོག་ཁ་པར་དང་། ཁྱག་སྒམ། སྐྲ་སྐམ་བྱེད། ཀམ་པུ་ཀྲར་ཡོ་ཆས་སོགས་སྔ་ལོ་མང་ཉུང་ཀྲོན་ས་ཡ་ ༤༡ དང་ཚག ༨ དབྱུགས་ཡོད་པ་དེའི་མ་གནས་ཨ་སྒོར་འཐེར་འབུམ་ ༥༢ གནས་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། གོང་གསལ་འགད་སྙིགས་དེའི་ཁོངས་ནས་བསྐྱར་དུ་བེད་སྤྱོད་བཏང་བ་ཀྲོན་ས་ཡ་ ༦ དང་ཚག ༥ མ་གཏོགས་བཏང་མེད་པ་སོགས་ཀྱི་སྐོར་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG