ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ནེའུ་ཡོག་དང་ནེའུ་ཇེར་སི་ཁུལ་ནས་རླུང་འཕྲིན་དང་བརྙན་འཕྲིན་གྱི་ལས་ཀའི་ས་དམིགས་གསལ་བསྒྲགས།


ཨ་རིའི་རླུང་འཕྲིན་ཁང་ལ་ནིའུ་ཡོག་དང་ནིའུ་ཇེར་སི་མངའ་ཁུལ་ནས་གནས་ཚུལ་མཁོ་གཏོང་བ་དང་གནས་འདྲི་བྱེད་ཐུབ་མཁན་གྱི་གསར་འགོད་པ་ཞིག་གི་ལས་ཀའི་ས་མིག་ཅིག་ཡོད་པ་དེའི་འོས་ཆོས་ཚང་བའི་འོས་མིའི་ཆ་རྐྱེན་ནི་བོད་ཡིག་དང་བོད་སྐད་གནས་ཚད་ཡག་པོ་དགོས་པ་དང་། དབྱིན་ཇིའི་གཞི་རིམ་གྱི་གནས་ཚད་དགོས་པ། སྐད་གསང་པོ་དང་སྨྲ་བརྗོད་བདེ་པོ་དགོས་གལ་ཆེ། དེ་བཞིན་བརྙན་པར་ལེན་ཐུབ་པ་མ་ཟད། བརྙན་པར་བླངས་པ་ཁག་དྲ་ཐོག་ཏུ་གཏོང་ཐུབ་མཁན་ཞིག་ཀྱང་དགོས་ཀྱི་ཡོད། དེ་སྔ་གསར་འགོད་པའི་ལས་ཀའི་ཉམས་མྱོང་མེད་ཀྱང་ཆོག་ཅིང་། གནས་ཚུལ་ཁུངས་ལྡན་དང་སྤུས་དག་གཏོང་རྒྱུའི་འདུན་པ་ཤུགས་ཆེ་ཡོད་པ་དང་། གནས་ཚུལ་ཕྱོགས་སྒྲིག་བྱ་རྒྱུར་དགའ་མོས་ཡོད་དགོས། ད་དུང་བོད་དོན་ལ་རྒྱུས་མངའ་ཡག་པོ་ཡོད་པ་དང་། ནེའུ་ཡོག་ཁུལ་གྱི་བོད་པའི་སྤྱི་ཚོགས་དང་སྒྲིག་འཛུགས་ཁག་གི་ལས་དོན་བྱེད་སྒོར་རྒྱུས་མངའ་ཡོད་དགོས། གནས་ཚུལ་ཆ་ཚང་བོད་ཡིག་རྐྱང་པའི་ཐོག་ཏུ་གཏོང་དགོས་རུང་། སྐབས་རེ་དབྱིན་སྐད་ཐོག་ཏུ་གནས་འདྲི་ཐུང་ཐུང་བྱེད་ཐུབ་མཁན་དང་། སྒྲ་འཇུག་འཕྲུལ་ཆས་བེད་སྦྱོད་ཐུབ་པ་དགོས། ཀམ་པུ་ཊར་བེད་སྦྱོད་གཏོང་ཐུབ་མཁན་ཞིག་དགོས་རྒྱུ་གལ་ཆེ། ས་མིག་འདི་གཏན་འཇགས་ལས་ཀའི་ས་མིག་ཅིག་མིན་ཞིང་། འོན་ཏེ་གནས་ཚུལ་མཁོ་གཏོང་བ་འདིས་གྲོང་ཁྱེར་ནིའུ་ཡོག་ཁུལ་ལ་གནས་འཁོད་བོད་མི་དང་བོད་དོན་ལ་འབྲེལ་བ་ཡོད་པའི་གནས་ཚུལ་ཁག་དུས་ཐོག་ཏུ་མཁོ་གཏོང་ཐུབ་དགོས།

ས་མིག་འདིར་འདོད་པ་ཡོད་ན་སྙན་ཞུའི་ཡི་གེ་ཞིག་གི་མཉམ་དུ་རང་ཉིད་ཀྱི་ལོ་རྒྱུས་སྙིང་བསྡུས་ཤིག་མྱུར་འཕྲིན་གྱི་ཁ་བྱང་gyatsol@voanews.com ཐོག་ལ་༢༠༡༥ ལོའི་ཟླ་བ་༥་ཕྱི་ཚེས་༡༥་རྒྱང་མེད་གཏོང་དགོས་སོང་།

XS
SM
MD
LG