ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

མདོ་སྨད་རྔ་པ་རུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ།


མདོ་སྨད་རྔ་བ་ཁུལ། རྔ་བ་རྫོང་། ཆོས་རྗེ་མ་ཤང་གི་སོ་རུ་མ་སྡེ་བའི་མི་ཞིག་གིས་གཟའ་ཕུར་བུའི་ཉིན་རང་ལུས་མེར་སྲེག་ངོ་རྒོལ་གནང་ནས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག

རང་ལུས་མེར་སྲེག་གནང་མཁན་ཁོང་གི་མཚན་ནི་དམ་དཀར་རེད་ཞུ་མཁན་དང་། ནེ་སྐྱབས་རེད་ཞུ་མཁན་མི་འདྲ་བ་ཐོན་བཞིན་པ་དང་། ཁོང་ནི་དེ་སྔོན་ཨ་འདུས་ཡག་འགོ་དགོན་གྱི་གྲྭ་བ་རེད་ཟེར། རང་ལུས་མེར་སྲེག་གནང་སྐབས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། པཎ་ཆེན་རིན་པོ་ཆེ་བཙོན་ནས་གློད་དགོས་པ་སོགས་ཀྱི་འབོད་ཚིག་བསྒྲགས་ཡོད་ཟེར།།

ཕྱི་ལོགས་སུ་ཐོན་པའི་བརྙན་པར་སོགས་སུ་བསྟན་པ་ལྟར་ན། ར་སྐོར་ཞིག་གི་ནང་ལོགས་ནས་རང་ལུས་མེར་སྲེག་གནང་ཡོད་པ་དང་། རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་སོགས་ཀྱི་སྐུ་པར་བཤམས་ནས་མཆོད་པ་འབུལ་ཡོད་པ་དེའི་མདུན་དུ་རང་ལུས་མེར་སྲེག་གནང་སྟེ་སྐུ་ཕུང་ཡོངས་སུ་འཚིགས་ཏེ་ཐལ་བར་གྱུར་ཡོད་པ་མཐོང་ཐུབ།།

XS
SM
MD
LG