ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཞིང་པ་ཚོས་རྫས་ལུད་དང་འབུ་གསོད་དུག་སྨན་བརྒྱབ་སྟེ་ས་ཞིང་འབག་བཙོག་གི་གནས་སྟངས་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་གི་ཡོད་ཅིང་། ས་ཞིང་ལ་རྫས་ལུད་དང་འབུ་གསོད་དུག་སྨན་ཅི་ཙམ་བརྒྱབ་ན་དེ་ཙམ་གྱིས་ས་ཆུ་སོགས་འབོག་བཙོག་ཐེབས་རྒྱུ་ཤུགས་ཆེ་རུ་འགྲོ་གི་ཡོད་པས། རྒྱ་ནག་གི་ཞིང་ལས་ལྷན་ཁང་གིས་ཞིང་པ་ཚོར་རྫས་ལུད་དང་འབུ་གསོད་དུག་སྨན་རྒྱག་རྒྱུ་མཚམས་འཇོག་བྱ་དགོས་པ་དང་། རྒྱ་ནག་གི་ཞིང་ལས་པ་ཚོས་སྔར་བཞིན་སྲོལ་རྒྱུན་གྱི་ལུད་རྒྱག་དགོས་ཞེས་སྐུལ་ལྕག་གཏོང་གི་ཡོད་རུང་། ཉམས་ཞིབ་པ་ཚོས་རྒྱ་ནག་ལ་མི་འབོར་མང་བའི་སྟབས་ཀྱིས་འབྲུ་རིགས་ཀྱི་ཐོན་སྐྱེད་ཕོན་ཆེན་ཞིག་དགོས་པ་དང་། དེར་བརྟེན་ཞིང་པ་ཚོས་རྫས་ལུད་དང་འབུ་གསོད་དུག་སྨན་མ་བརྒྱབ་པར་རྒྱ་ནག་ལ་དགོས་མཁོ་ཡོད་པའི་འབྲུ་རིགས་ཐོན་སྐྱེད་འདོན་སྤེལ་བྱ་མི་ཐུབ་ཅེས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG