ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་དཔལ་འབྱོར་གྱི་ལམ་ལུཊ་ལ་དཀའ་ངལ་འཕྲད་རྒྱུའི་རྣམ་པ་ཡོད་ལུཊ་བརྗོད་ཡོད་པ།


ཨ་མེ་རི་ཀའི་ནོར་སྲིད་དཔལ་འབྱོར་དྲུང་ཆེ་ཟུར་པ་Henry Paulson གྱིས། འཛམ་གླིང་སྤྱིའི་དཔལ་འབྱོར་ལ་ཉམས་ཞིབ་བྱེད་པའི་སྐབས་སུ། རྒྱ་ནག་ གི་དཔལ་འབྱོར་གྱི་ལམ་ལུགས་ལ་དཀའ་ངལ་འཕྲད་རྒྱུའི་རྣམ་པ་ཡོད་པ་ཤེས་ རྟོགས་བྱུང་ཡོད་པ་རེད།་འོན་ཀྱང་དཔལ་འབྱོར་གྱི་དཀའ་རྙོག་དེ་དག་གིས། ཨ་མེ་རི་ཀའི་ནང་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་རྙོག་འཕྲད་པའི་སྐབས་སུ་ གནོད་སྐྱོན་དོ་ཕོག་་ཆེན་པོ་བྱུང་པ་ནང་བཞིན་ཞིག་རྒྱ་ནག་གི་ནང་གནོད་སྐྱོན་དོ་ཕོག་འཕྲད་རྒྱུའི་རྣམ་པ་མངོན་གསལ་དོད་པོ་མེད་པ་རེད། དེ་ཡང་USA Today གསར་ཤོག་གི་གནས་འདྲིར་དང་ལེན་བྱེད་པའི་སྐབས་ Paulson གྱིས། ཨ་སྒོར་ཁྲག་ཁྲིག་ཆེན་པོ་གཉིས་ལྷག་གི་མ་གནས་ཡོད་ པའི་དངུལ་ཁང་རང་མ་ཡིན་པའི་། ཡིད་ཆེས་ཁེ་གཉེར་ལས་དོན་ཁང་ཁག་རིམ་ པ་ཞིག་ལ། བུ་ལོན་སྒྲུབ་འཇལ་བྱེད་མི་ཐུབ་པའི་དཀའ་ངལ་ཡོད་པ་་དེ་དག་ལ་ གདོང་ལེན་བྱས་ཏེ། དངུལ་བུན་གཏོང་སྟངས་ཀྱི་ལམ་ལུགས་ལ་བསྒྱུར་བཅོས་ གཏོང་དགོས་ཀྱི་ཡོད་པ་དང་། རྒྱ་ནག་གིས། ལམ་ཁག་གསར་རྒྱག་ལ་སོགས་པའི་ འཛུགས་བསྐྲུན་གྱི་ལས་ཁག་ལ་འགྲོ་གྲོན་གཏོང་དམིགས་དེ། གྲོང་སྡེ་ལས་ ཁུངས་ཀྱི་བུ་ལོན་གཡར་གཏོང་ལ་བརྟེན་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་དེ་ མཚམས་འཇོག་བྱེད་དགོས་པ་ཡིན་ཞེས་ཨ་མེ་རི་ཀའི་ནོར་སྲིད་དཔལ་འབྱོར་ དྲུང་ཆེ་ཟུར་པ་ Paulson གྱིས་བརྗོད་ཡོད་འདུག

XS
SM
MD
LG