ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༥/༢༡

རྒྱ་ནག་གིས་ཧོང་ཀོང་ལ་ལྟ་སྐོར་པ་གཏོང་རྒྱུ་ཚོད་འཛིན།


རྒྱ་ནག་གཞུང་གིས་ཧྲེན་ཀྲེན་གྲོང་ཁྱེར་གྱི་ཡུལ་མི་ཚོ་ཚད་བཀག་མེད་པར་ཧོང་ཀོང་ལ་འགྲོ་སྐྱོད་ཆོག་པའི་ཐོངས་མཆན་སྤྲོད་ཀྱི་ཡོད་ཀྱང་། ད་ནས་རྒྱ་ནག་གི་ལྟ་སྐོར་པ་ཚོ་ཧོང་ཀོང་ལ་འགྲོ་སྐྱོད་ཆོག་པའི་མིའི་གྲངས་འབོར་ལ་ཚད་བཀག་བྱས་ཡོད་ཅིང་། ཧོང་ཀོང་དམིགས་བསལ་ས་ཁུལ་དུ་ཚོང་ཁྲལ་དམའ་བའི་སྟབས་ཀྱིས་རྒྱ་ནག་གི་ཧྲེན་ཀྲེན་གྲོང་ཁྱེར་ནས་ཉིན་ལྟར་མི་གྲངས་ཁྲི་ཚོ་མང་པོ་ཉོ་ཆ་རྒྱག་ཏུ་ཡོང་སྟེ། ཧོང་ཀོང་གི་ཟས་སོང་དང་དངོས་ཟོག་གི་རིན་གོང་འཕར་ནས་ཧོང་ཀོང་བ་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཧོང་ཀོང་གི་འཐུས་མི་མེ་ཁེལ་ཐེན་གྱིས་བཤད་པ་ལྟར་ན། ཧྲེང་ཀྲེན་ནས་མི་ལ་ཚད་བཀག་མེད་པར་ཧོང་ཀོང་ལ་ཡོང་ཆོག་པའི་ཐོངས་མཆན་སྤྲོད་ཀྱི་ཡོད་པ་དཀའ་ངལ་ཞིག་ཡིན། གཟའ་འཁོར་འདི་ནས་བདུན་ཕྲག་རེར་ཧོང་ཀོང་ལ་འགྲོ་སྐྱོད་ཆོག་པའི་མིའི་གྲངས་འབོར་ལ་བཀག་བྱེད་ཀྱི་ཡོད་པ་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཅིག་ཡིན་ཞེས་བཤད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG