ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཡེ་ཤེས་མཁའ་འགྲོས་རང་སྲེག་མ་བྱས་གོང་དུ་དངུལ་སྒོར་ཞལ་འདེབས།


ཕྱི་ཟླ་༤་ཚེས་༩་ཉིན་ཁམས་ཏྲེ་ཧོར་བྲག་མགོ ངང་སྒང་ཇོ་དགོན་གྱི་བཙུན་མ་ཡེ་ཤེས་མཁའ་འགྲོས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ངོ་རྒོལ་མ་བྱས་གོང་དུ་ཆོས་ཕྱོགས་སུ་རྒྱ་སྒོར་སྟོང་ཕྲག་འགའ་ཞིག་ཞལ་འདེབས་གནང་ཡོད་ཅིང་། རང་ལོ་༤༧་ལ་སོན་པའི་བཙུན་མ་ཡེ་ཤེས་མཁའ་འགྲོས་རང་ལུས་མེར་སྲེག་འཆར་གཞི་ལྡན་པའི་སྒོ་ནས་ལག་ལེན་བསྟར་ཡོད་པ་ར་འཕྲོད་པ་དང་། དེང་སྐབས་དཀར་མཛེས་ཁུལ་དུ་བོད་པ་ཚོས་རྟག་ཏུ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་སྐད་འབོད་བྱ་རྒྱུ་རྒྱུན་ཆད་ཀྱི་མེད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཁམས་བྲག་མགོ་རུ་བཙུན་མ་ཡེ་ཤེས་མཁའ་འགྲོ་ལགས་ཀྱིས་རང་ལུས་མེར་སྲེག་གི་ངོ་རྒོལ་གནང་བའི་ཐད་ཀྱི་གསར་འགྱུར་ཁྲོད་ང་ཚོས་ནོར་འཁྲུལ་སྒོས་བློ་བཟང་རྡོ་རྗེ་ ལགས་ཀྱིས་རྔ་བ་ས་ཁུལ་དུ་རང་ལུས་མེར་སྲེག་གནང་བའི་སྐབས་ཀྱི་པར་ཞིག་བེད་སྤྱོད་བཏང་འདུག་པ་འདི་རུ་ཡོ་བསྲང་བྱས་ཡོད།།

XS
SM
MD
LG