ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་ལ་ངོ་རྒོལ་འབྱུང་རྒྱུ་ཇེ་མང་།


རྒྱ་ནག་གི་ལས་རྩོལ་དུས་དེབ་ཀྱི་གསར་འགོད་པ་ཚོས་རྒྱ་ནག་ལ་ལས་བཤོལ་ངོ་རྒོལ་བྱུང་བ་དང་སྤྱི་ཚོགས་ཀྱི་རིམ་པ་གང་སར་ངོ་རྒོལ་འབྱུང་གི་ཡོད་པར་ཞིབ་འཇུག་བྱསཏེ། ༢༠༡༤་ལོ་གཅིག་པུར་རྒྱ་ནག་ལ་ལས་བཤོལ་ངོ་རྒོལ་ཆེན་པོ་ཐེངས་༡༤༠༠་ཐམ་པ་བྱུང་བ་ཐོ་འགོད་བྱས་ཡོད་ཅིང་། ༢༠༡༥་ལོའི་མགོ་སྟོད་ཟླ་བ་གཉིས་ཀྱི་རིང་དུ་རྒྱ་ནག་ལ་ལས་བཤོལ་ངོ་རྒོལ་འབྱུང་རྒྱུ་དེ་བས་ཀྱང་མང་དུ་སོང་ཡོད་པ་དང་། ཧོང་ཀོང་ན་ཡོད་པའི་རྒྱ་ནག་གི་ལས་རྩོལ་དུས་དེབ་ཀྱི་ཞིབ་འཇུག་པ་ཁོ་རོ་ཐལ་གྱིས་བཤད་པ་ལྟར་ན། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་སོང་རུང་བཟོ་བའི་གླ་ཕོགས་མཐོ་རུ་སོང་སྟེ། བཟོ་གྲྭ་ཆུང་ཁག་མང་པོ་ཞིག་ཁུངས་མ་འཁྱོལ་པར་སྒོ་རྒྱག་དགོས་ཐུག་ཡོད་པས། རྒྱ་ནག་ལ་ལས་བཤོལ་ངོ་རྒོལ་འབྱུང་རྒྱུ་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་བཤད་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG