ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་བཀྲོལ་ཡོང་ཆེད་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚོས་འབོད་སྐུལ།


སྤྱི་ཟླ་བཞི་པའི་ཚེས་༧་ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་སྤྲུལ་སྐུལ་བསྟནའཛིན་བདེ་ལེགས་རིན་པོ་ཆེ་འམ། མཚན་གཞན་ཨ་ཉག་སྤྲུལ་སྐུ་ཞུ་བ་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ནས་ལོ་༡༣་འཁོར་གྱི་ཡོད་པ་དང་། ཉིན་འདིར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འབྲེལ་མཐུད་ལས་ཁུངས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྨན་བཅོས་ཀྱི་ཆེད་དུ་གློད་བཀྲོལ་ཡོང་བའི་ཆེད་དུ་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་གནོན་ཤུགས་སྤྲོད་རོགས་ཅེས་འབོད་སྐུལ་ཞུས་ཡོད་པ་རེད། གནས་ཚུལ་ཐོན་པ་ལྟར་ན། ཁོང་བཙོན་ཁང་ནང་བཞུགས་རིང་སྙིང་གི་ན་ཚ་དང་ཁྲག་ཤེད་ཀྱི་ན་ཚ་སོགས་ཕོག་ནས་འཕྲོད་བསྟེན་གྱི་དཀའ་ངལ་མང་པོ་མྱོང་བཞིན་ཡོད་པ་རེད།

XS
SM
MD
LG