ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བཞུགས་སྒར་དུ་འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས་ཡོད་པ།


བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས་པ་དང་ཆབས་ཅིག འབྲེལ་ཡོད་སྨན་པ་དང་འཕྲོད་བསྟེན་ལས་མི་ཁག་གིས་བོད་མི་ཚོའི་ཟས་བཅུད་ལ་ཐུགས་སྣང་དགོས་པའི་ལམ་སྟོན་གནང་ཡོད་འདུག དེ་སྔ་ཕྱི་ལོ་༡༩༤༨ལོར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཕྱི་ཟླ་བཞི་པའི་ཚེས་༧གྱི་ཉིན་མོ་འདི་་རྒྱལ་སྤྱིའི་འཕྲོད་བསྟེན་ཉིན་མོར་གཏན་འབེབས་གནང་བ་དེ་ནས་བཟུང་ལོ་ལྟར་་ཕྱི་ཟླ་བཞིན་པའི་ཚེས་༧་གྱི་ཉིན་འཛམ་གླིང་ཡུལ་གྲུ་གང་སར་འཕྲོད་བསྟེན་དང་འབྲེལ་བའི་ལས་འགུལ་འདྲ་མིན་སྤེལ་བའི་སྒོ་ནས་མི་མང་ལ་གོ་རྟོགས་རྒྱ་ཆེ་སྤེལ་རྒྱུའི་་ཉིན་མོ་ཞིག་ཏུ་གྱུར་ཡོད་པའི་སྐོར། འདི་གའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་འདི་གསན་རོགས་གནང་། བཞུགས་སྒར་དུ་འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས་ཡོད་པ།

XS
SM
MD
LG