ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

ལྷོ་ཀོ་རི་ཡས་ཉི་ཧོང་གཞུང་ལ་སློབ་དེབ་གསར་པ་ཁག་ཅིག་བེད་སྤྱོད་བྱེད་ཆོག་ཐད་སྐྱོན་བརྗོད།


ཉི་ཧོང་གཞུང་གིས། སློབ་གྲྭའི་སློབ་དེབ་གསར་པ་ཁག་ཅིག་བེད་སྤྱོད་བྱེད་ཆོག་པའི་ཆོག་མཆན་སྤྲད་པར། ལྷོ་ཀོ་རི་ཡ་གཞུང་གིས་སྐྱོན་བརྗོད་བྱས་ཏེ། སློབ་དེབ་དེ་དག་གི་ནང་། ཡུལ་གྲུ་གཉིས་ཕན་ཚུན་བདག་དབང་གི་ཐད་རྩོད་གླེང་ཡོད་པའི་གླིང་ཕྲན་ཁག ཉི་ཧོང་རང་ལ་བདག་གི་ཡོད་ཚུལ་བརྗོད་པ་སོགས། ལོ་རྒྱུས་ལ་འཁྱོག་བཤད་བྱས་ཡོད་ལུགས་བརྗོད་དེ། ཉི་ཧོང་གི་གཞུང་ཚབ་འབོད་འགུག་བྱས་ཏེ། སློབ་དེབ་དེ་ཚོར་གཞུང་གིས་ཆོག་མཆན་བཀོད་པ་དེ་ནི། འདས་པའི་དམག་དུས་སྐབས་ཀྱི་ནོར་འཁྲུལ་གྱི་ལམ་གྱི་ཐོག ཡང་བསྐྱར་བསྐྱོད་རྒྱུར་གྲ་སྒྲིག་ཡིན་པའི་རྟགས་མཚན་རེད་ཅེས་ཁ་བརྡུང་དྲག་པོ་བཏང་ཡོད་པ་རེད། དེ་ལྟར་ལྷོ་ཀོ་རི་ཡས་། ཉི་ཧོང་གཞུང་ལ་ཁ་བརྡུང་དྲག་པོ་བཏང་བའི་གནས་ཚུལ་འདི་ནི། ཁྱིམ་མཚེས་ཡུལ་གྲུ་དེ་གཉིས་དང་རྒྱ་ནག་བཅས། འདས་པའི་ལོ་རྒྱུས་ཀྱི་ཆ་ནས་འབྲེལ་བ་ཡོད་པའི་རྒྱལ་ཁབ་གསུམ་པོ་དེ་དག་གི་ཕྱི་སྲིད་བློན་ཆེན་རྣམ་པ་ལྷན་འཛོམས་གནང་སྟེ། ཕན་ཚུན་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དང་། འདས་པའི་ལོ་རྒྱུས་དང་། ས་ཆའི་བདག་དབང་གི་རྩོད་རྙོག་བཅས་ཀྱིས་རྐྱེན་པས་འཁོན་འཛིན་ཡོད་པ་རྣམས་ཞི་ཐབས་བྱ་རྒྱུ་མ་ཟད། གང་མགྱོགས་ཕྱོགས་གསུམ་གྱི་ཆེས་མཐོའི་འགོ་ཁྲིད་ཀྱི་ལྷན་ཚོགས་ཤིག་བྱ་རྒྱུ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་རྒྱུའི་ཁས་ལེན་བྱས་ཏེ། གཟའ་འཁོར་གཉིས་ལྷག་ཙམ་ཞིག་སོང་བའི་རྗེས་སུ། ད་རེས་ཀྱི་གནས་ཚུལ་འདི་བྱུང་བ་ཞིག་ཀྱང་ཡིན་པ་རེད།།

XS
SM
MD
LG