ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གྲྭ་འཕྲིན་ལས་རྒྱ་མཚོ་རྒྱ་ནག་གཞུང་གིས་ལོ་ ༧ གྱི་རིང་བཙོན་འཇུག་བྱས་རྗེས་གློད་གྲོལ།


རྔ་བ་རྫོང་རྟོགས་ལྡན་དགོན་གྱི་གྲྭ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས། ཕྱི་ལོ་ ༢༠༠༨ ལོར་རྔ་བ་རྫོང་ཁོངས་སུ་བྱུང་བའི་ཞི་རྒོལ་གྱི་དངོས་ཡོད་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་གནང་བའི་ནག་ཉེས་འོག རྒྱ་ནག་གཞུང་གིས་ཁོང་ལ་ལོ་ ༧ གྱི་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་སི་ཁྲོན་མེན་ཡཱང་བཙོན་ཁང་དུ་བཙོན་བཅུག་བྱས་པའི་རྗེས།་ ཁ་ས་ཚེས་ ༤ ཉིན་བཙན་འཇུག་གི་དུས་ཡུན་རྫོགས་ནས་བཙོན་གྲོལ་བཏང་ཡོད་པའི་སྐོར་རྒྱལ་མཚན་ཚེ་རིང་གིས་སྐུ་ཞབས་འཕྲིན་ལས་རྒྱ་མཚོ་ལགས་ཀྱི་གྲོགས་པོ་བློ་ཉེ་དེང་སྐབས་བཞུགས་སྒར་དུ་བཞུགས་མཁན་བོན་རྒྱལ་ལགས་སུ་འཕྲིན་ལས་རྒྱ་མཚོ་ལགས་ཀྱི་སྐོར་གནས་འདྲིི་ཞུས་པའི་གནས་ཚུལ་ཞིག་གསན་གྱི་རེད།

XS
SM
MD
LG