ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཀཱེ་ནི་ཡེའི་སློབ་གྲྭ་ཞིག་ལ་དྲག་སྤྱོད་པས་རྒོལ་བརྡུང་བཏང་སྟེ་མི་༡༤༧བསད་ཡོད་པ།


K
K

ཨ་ཕྷི་རི་ཀའི་ཡུལ་གྲུ་ཀཱེ་ནི་ཡེའི་བྱང་ཤར་དུ་ཡོད་པའི་མཐོ་རིམ་སློབ་གྲ་ཞིག་ལ་ རེས་གཟའ་ཕུར་བུའི་སྔ་དྲོ་ཐོ་རངས་དྲག་སྤྱོད་པས་རྒོལ་བརྡུང་བཏང་སྟེ་ མི་གྲངས་༡༤༧བསད་ཡོད་ལུགས་ གཞུང་འབྲེལ་མི་སྣ་ཚོས་ངེས་གཏན་བྱས་པ་དང་སྦྲགས་ དྲག་སྤྱོད་པ་དེ་དག་ལ་ཀཱེ་ནི་ཡ་གཞུང་གི་དམག་མིས་འགོག་རྒོལ་མཐར་ཕྱིན་པ་བྱས་ཏེ་ དྲག་སྤྱོད་པ་བཞི་བསད་པ་དང་གཅིག་འཛིན་བཟུང་བྱས་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་འདུག་ དྲག་རྒོལ་གྱི་དོན་རྐྱེན་དེ་ ད་ཆ་མཇུག་འགྲིལ་ཡོད་པ་དང་ དྲག་རྒོལ་དེ་ཁྱིམ་མཚེས་ཡུལ་གྲུ་སཽ་མཱ་ལི་ཡེའི་ཨཱལ་ཤཱ་བྷབ་ཟེར་བའི་ཁ་ཆེ་དྲག་སྤྱོད་རུ་ཚོགས་ཀྱིས་བྱས་པ་ཡིན་པའི་ངོས་ལེན་བྱས་ཡོད་པ་རེད།

XS
SM
MD
LG