ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

སྐྱོར་དཔོན་ཀླུ་སྒྲུབ་བསྟན་དར་ལགས་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་འདུག


ཁ་ས་ཕྱི་ཚེས་༡ཉིན་མདོ་སྨད་མཛོད་དགེ་ཨ་མཆོག་མཚན་ཉིད་དགོན་པའི་སྐྱོར་དཔོན་ཀླུ་སྒྲུབ་བསྟན་དར་ལགས་ལོ་༧ བཙོན་འཇུག་གི་དུས་ཡུན་རྫོགས་ཏེ་སི་ཁྲོན་མེན་ཡཱང་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་འདུག གོང་གི་འདྲ་པར་རྣམས་བོད་ནས་ཐད་ཀར་བཏང་གནང་བ་དང་། ཁོང་བཙོན་ཁང་ནས་གློད་གྲོལ་གཏོང་སྐབས་ད་དུང་ཡང་༼ང་བོད་ཡིན། འཚེ་མེད་ཞི་བདེ། གནས་ལུགས་སྨྲ།༽ཞེས་བྲིས་པའི་སྟོད་གོས་གྱོན་ཏེ། ཨ་མཆོག་མཚན་ཉིད་དགོན་པར་ཕྱིར་ཕེབས་འབྱོར་བྱུང་ཞིང་། དགོན་པ་དང་ཡུལ་མི་ཚོས་ཁ་བཏགས་སྒྲེང་སྟེ་བསུ་བ་རྒྱ་ཆེར་གནང་འདུག

སྐྱོར་དཔོན་ཀླུ་སྒྲུབ་བསྟན་དར་ལགས་སྤྱི་ལོ་༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་རྒྱ་གཞུང་གི་དྲག་གནོན་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་བྱུང་བའི་སྐབས་སུ། རྒྱལ་ཁབ་ལ་ངོ་ལོག་པ་ཡིན་པའི་ཉེས་མིང་བཏགས་ཏེ་འཛིན་བཟུང་གིས། ལོ་ངོ་བདུན་གྱི་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་དང་དེ་ནས་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དང་ཐག་ཉེ་མེན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད།

XS
SM
MD
LG