ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༩

ཨ་རིར་བྲོས་བྱོལ་དུ་ཡོང་བའི་རྒྱ་ནག་གི་དཔལ་འབྱོར་ཉེས་ཅན་པ།


ཉེ་ཆར་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གི་ཧེ་ནན་ཞིང་ཆེན་གྱི་འབྲུ་རིགས་གསོག་འཇོག་ལས་ཁང་གི་འགན་འཛིན་ཟུར་པ། ཆའོ་ཅཱན་ཅུན་གྱི་ཆུང་མར་ཕྱི་མི་གཞིས་ཆགས་ཀྱི་ཁྲིམས་ལ་འགལ་འཛོལ་བྱས་པ་དང་ཁྲིམས་འགལ་ཐོག་ཏུ་དངུལ་སྒོར་གཏོང་ལེན་བྱས་པའི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བྱས་པས། རྒྱ་ནག་གཞུང་གིས་ཨ་མི་རི་ཀར་བཀའ་དྲིན་ཆེ། ད་དུང་ལྐོག་ཟ་རུལ་སུངས་པ་ཆའོ་ཅཱན་ཅུན་ཡང་ཨ་མི་རི་ཀའི་གཞུང་གིས་འཛིན་བཟུང་བྱ་དགོས་ཞེས་འབོད་སྐུལ་ཞུས་ཡོད་ཅིང་། ཕྱི་ཟླ་༣་ཚེས་༣༡་ཉིན་ཨ་མི་རི་ཀའི་ཁྲིམས་འཛིན་ལྷན་ཁང་གིས་ཆའོ་ཅཱན་ཅུན་དང་ཁོང་གི་ཆུང་མ་ཟུར་པ་ཀྲའོ་ཧྲི་ལན་གཉིས་ལའང་ཕྱི་མི་གཞིས་ཆགས་ཀྱི་འགལ་ལ་འགལ་འཛོལ་བྱས་པའི་ནག་ཉེས་ཡོད་པ་མ་ཟད། ཁོང་ཚོར་ཁྲིམས་འགལ་ཐོག་ཏུ་དངུལ་སྒོར་གཏོང་ལེན་བྱས་པའི་ནག་ཉེས་ཀྱང་ཡོད། ཆའོ་ཅཱན་ཅུན་དང་ཁོང་གི་ཆུང་མ་ཟུར་པ་གཉིས་འཛིན་བཟུང་བྱ་དགོས་ཞེས་བརྡ་ཁྱབ་བཏང་རུང་། ཆའོ་ཅཱན་ཅུན་བྲོས་བྱོལ་དུ་སོང་ནས་ཨ་མི་རི་ཀའི་ཉེན་རྟོག་པ་ཚོས་འཚོལ་ཞིབ་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG