ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སོག་རྫོིང་དུ་བསྐྱར་དུ་མི་བཞི་འཛིན་བཟུང་བྱས་འདུག


སྤྱི་ཟླ་གསུམ་པའི་ཟླ་ངོ་གཅིག་གི་རིང་ལ་ཁམས་སོག་རྫོང་ཙན་དན་དགོན་པའི་དགེ་འདུན་པ་ བརྒྱད་གསང་བའི་སྒོ་ནས་རིམ་པ་བྱས་ཏེ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་། དེ་རིང་ གནས་ཚུལ་ཐོན་གསལ་ལ་ཟླ་གསུམ་པའི་ཟླ་མཇུག་ལ་བསྐྱར་དུ་ཙན་དན་དགོན་པའི་དགེ་འདུན་པ་གསུམ་དང་མི་སྐྱ་གཅིག་བཅས་འཛིན་བཟུང་བྱས་ཡོད་པ་བསྡོམས་སྤྱི་ཟླ་གསུམ་པའི་ནང་དུ་སྔ་ཕྱིར་སོག་རྫོང་གི་མི་བཅུ་གཉིས་རྫོང་གི་ཉེན་རྟོག་པས་གསང་བའི་སྒོ་ནས་འཛིན་བཟུང་བཙན་ཁྲིད་བྱས་འདུག ད་ལྟའི་ཆར་བོད་མི་བཅུ་གཉིས་ཀྱི་གནས་སྟངས་ཤེས་རྟོགས་ཐུབ་ཀྱིན་མེད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG