ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ལྔ་བཅུ་ང་བཞི་འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད་པ།


རྒྱ་གར་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ཏེ། མི་ལོ་ལྔ་བཅུ་ང་བཞི་ཧྲིལ་པོ་འཁོར་བའི་དུས་དྲན་ལ་སྲུང་བརྩི་ཞུས་ཡོད་ཅིང་། དེ་ཡང་། ཕྱི་ཟླ་གསུམ་པའི་ཚེས་༢༢ཉིན་གྱི་སྔ་དྲོ། བོད་གཞུང་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ། ཧི་མ་ཅལ་མངའ་སྡེའི་འབྲེལ་ཡོད་བློན་ཆེན་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དེ་བཞིན། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་། རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཁག་ཅིག་བཅས་དབུ་བཞུགས་ཐོག་ དུས་དྲན་ལ་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་ཡོད་པ་དེའི་ཐོག སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲིས་ལགས་ཀྱིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཀའ་སློབ་བཞིན། སྨན་རྩིས་ཁང་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པ་སོགས་ད་ཕན་བྱུང་བའི་གྲུབ་འབྲས་དང་། ད་ལྟའི་གནས་སྟངས་བཅས་ཀྱི་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་ཡོད་འདུག

XS
SM
MD
LG