ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གིས་རྒྱ་གར་བ་ཚོར་ཉིན་གསུམ་གྱི་གསུང་ཆོས་གནང་འགོ་འཛུགས་པ།


གཟའ་པ་སངས་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྒྱ་གར་བའི་སློབ་ཕྲུག་བརྒྱ་དང་དྲུག་བཅུ་ལྷག་ལ་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པའི་བླང་དོར་བཀའ་སློབ་གནང་པ་དང་། དེ་རྗེས་རྒྱ་གར་བ་དད་ལྡན་པ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་༧གོང་ས་མཆོག་གིས་རྒྱ་གར་བ་ཚོར་དབུ་མ་རྩ་བ་ཤེས་རབ་ཀྱི་གསུང་ཆོས་དབུ་འཛུགས་མཛད་ཡོད་ཅིང་། ཉིན་གསུམ་རིང་གི་གསུང་ཆོས་དེ་ལྡི་ལི་གསར་པར་ཡོད་པ་ཀུན་ཕན་ཐེབས་རྩ་ཚོགས་པས་གོ་སྒྲིག་ཞུས་ཡོད་པ་རེད།།

XS
SM
MD
LG