༢༠༠༧་ནས་༢༠༡༢་བར་དུ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་དང་རྒྱ་ནག་གིས་རྒྱས་སྤྲོས་ཅན་གྱི་ཅ་ལག་ནང་འདྲེན་བྱས་པ་གཉིས་བསྡུར་ན་ཅ་ལག་རྩ་ཆེན་ནང་འདྲེན་བྱས་པ་བརྒྱ་ཆ་༢༧་མང་དུ་སོང་ཡོད་ཅིང་། འོན་ཀྱང་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་དང་ཁྲིམས་འགལ་བྱས་པའི་འགོ་ཁྲིད་ཚོ་འཛིན་བཟུང་བྱ་རྒྱུ་འགོ་བཙུགས་ཏེ། རྒྱ་ནག་ལ་རྒྱས་སྤྲོས་ཅན་གྱི་ཅ་ལག་ནང་འདྲེན་བྱ་རྒྱུ་ཉུང་དུ་སོང་བ་དང་། ན་ནིང་རྒྱ་ནག་ལ་ཆེས་ཐོག་མར་རྒྱས་སྤྲོས་ཅན་གྱི་ཅ་ལག་ནང་འདྲེན་བྱེད་ཀྱི་ཡོད་པ་དེ་སྤྱི་ཡོངས་ཀྱི་ཚད་གཞི་ལས་མར་ཆག་པས། རྒྱལ་སྤྱིའི་རྒྱས་སྤྲོས་ཅན་གྱི་ཅ་ལག་གི་ཚོང་ལས་ལ་གྱོད་གུད་ཕོག་ཡོད་པ་རེད།།