ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་ཆེས་མཐོ་ཁྲིམས་ཁང་གི་ལྐོག་ཟ་ཞིབ་འཇུག་སྙན་ཞུ།


རྒྱ་ནག་གི་ཆེས་མཐོ་ཁྲིམས་ཁང་གི་སྤྱི་ཁྱབ་ཁྲིམས་སྦྱོར་པ་ཚའོ་ཅེན་མིང་གིས་༢༠༡༤་ལོར་མི་ཁྲི་ཚོ་༥༥༡༠༡་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ཞིབ་འཇུག་བྱས་ཡོད་ཅིང་། མི་དེ་དག་གི་གྲས་ཀྱི་༢༨་ལ་བློན་ཆེན་རིམ་པའི་གོ་གནས་ཡོད་པའམ། ཡང་ན་ཁོ་ཚོ་དེ་ལས་མཐོ་བའི་གོ་གནས་འཛིན་མཁན་ཤ་སྟག་ཡིན། རྒྱ་ནག་གི་ཆེས་མཐོ་ཁྲིམས་ཁང་གི་ཁྲིམས་སྦྱོར་ཚན་པས་མི་༣༦༤༤་ལ་ཞིབ་འཇུག་བྱས་པ་དེ་རྣམས་མི་དམངས་ཤོག་སྒོར་ས་ཡ་གཅིག་ལྷག་ལྐོག་ཟ་དང་ཧམ་ཟ། སྤྱི་དངུལ་སྒེར་སྤྱོད་བྱེད་མཁན་ཚོ་ཡིན་པ་དང་། ༢༠༡༣་ནས་ཁྲིམས་འགལ་གྱི་བྱ་སྤྱོད་འདིའི་རིགས་བརྒྱ་ཆ་༤༢་མང་དུ་སོང་རུང་། ང་ཚོས་མུ་མཐུད་དུ་སྟག་རྒན་ཚོ་དང་སྦྲང་མ་ཚོ་ལ་འཐབ་རྒོལ་བྱ་རྒྱུ་མཚམས་འཇོག་རྒྱུ་ཞེས་ལྐོག་ཟ་རུལ་སུངས་སུ་གྱུར་པའི་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་དང་དམའ་རིམ་གྱི་གཞུང་འབྲེལ་མི་སྣ་ཚོ་ཡན་པོར་གཏོང་རྒྱུ་མིན་པའི་ཉེན་བརྡ་བཏང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG