ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ནིའུ་ཛེ་ལེནྜ་ཡིས་རྒྱ་ནག་དང་དེ་མིན་ཨེ་ཤི་ཡེའི་རྒྱལ་ཁབ་ཁག་ལ་མྱུལ་ཞིབ་བྱས་པ།


ནིའུ་ཛེ་ལེནྜ་གཞུང་གིས་རྒྱལ་ཁབ་གཞན་ལ་མྱུལ་ཞིབ་བྱས་པའི་གནས་ཚུལ་ནི། མངའ་ཁུལ་གྱི་ཡུལ་གྲུ་ཆུང་རྩག་ཁག་ཅིག་ལ་བྱས་པའི་གནས་ཚུལ་ཙམ་ཞིག་མ་ཡིན་པར། རང་དང་ཚོང་འབྲེལ་ཡོད་པའི་ཡུལ་གྲུ་གཙོ་བོ་རྒྱ་ནག་གིས་གཙོས་པས། ཨེ་ཤི་ཡེའི་རྒྱལ་ཁབ་ཧ་ཅང་མང་པོར་བྱས་པའི་གནས་ཚུལ་གཞི་རྒྱ་ཧ་ཅང་གི་ཆེན་པོ་ཞིག་ཡིན་ཞིང་། རྒྱལ་ཁབ་དེ་དག་ལ་མྱུལ་ཞིབ་བྱས་པའི་གསང་བའི་གནས་ཚུལ་དེ་རྣམས། ཨ་མི་རི་ཀ་དང་ དེ་མིན་མཐུན་ཕྱོགས་རྒྱལ་ཁབ་ཁག་ཅིག་ལ་སྤྲད་ཡོད་པའི་སྐོར། གཟའ་ལྷག་པའི་ཉིན། གནས་ཚུལ་ཐོན་ཡོད་པ་རེད། དེ་ཡང་། ཨ་མི་རི་ཀའི་རྒྱལ་ཡོངས་བདེ་སྲུང་ལས་ཁང་གི་འཕྲལ་སེལ་ལས་བྱེད་ཟུར་པ་ཨེཌ་ཝཌ་ སི་ནཱོ་ཌན་གྱིས། ཨ་མི་རི་ཀའི་གཞུང་གི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་ཏེ་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་རིམ་པ་ཞིག་བྱུང་ཡོད་པ་དེའི་ཐོག གཟའ་ལྷག་པའི་ཉིན། ཡང་བསྐྱར་ཡིག་ཆ་ཁག་ཅིག་ཕྱིར་བསྒྲགས་བྱས་ཡོད་པ་དེའི་ནང་། ནིའུ་ཛེ་ལེནྜ་སྐོར་གྱི་གོང་གི་གནས་ཚུལ་དེ་ཚོ་འཁོད་ཡོད་པ་རེད། ཡིག་ཆ་དེ་ཚོའི་ནང་། ནིའུ་ཛེ་ལེནྜ་ཡི་གསང་བའི་ལས་ཁུངས་ཀྱིས། རྒྱ་ནག་དང་། ཉི་ཧོང་། བྱང་ཀོ་རི་ཡ། ཨི་རན། དེ་བཞིན། ཨེན་ཏྲ་ཏྲི་ཀ་སོགས་ཁྱོན་རྒྱལ་ཁབ་ཉི་ཤུ་སྐོར་ཙམ་ཞིག་གི་འཕྲིན་གཏོང་དྲ་ལམ་གྱི་ནང་ལྐོག་ཏུ་འཛུལ་ཏེ་གནས་ཚུལ་ཉེན་ཞིབ་དང་འབྲེལ། བསྡུ་རུབ་བྱས་པའི་གསང་བའི་གནས་ཚུལ་དེ་དག རང་གི་མཐུན་ཕྱོགས་རྒྱལ་ཁབ་བཞི་ལ་སྤྲོད་ཀྱི་ཡོད་ལུགས་འཁོད་ཡོད་པ་རེད། འདིའི་ཐད་ནིའུ་ཛེ་ལེནྜ་ཡི་གསང་བའི་ལས་ཁུངས་དང་། གཞུང་གི་ཕྱོགས་ནས་ད་ལྟའི་ཆར་འགྲེལ་བརྗོད་གང་ཡང་བྱས་མེད་པ་རེད།།

XS
SM
MD
LG