ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

རྟའུ་བྲག་དཀར་དགའ་ལྡན་ཆོས་གླིང་གི་བཙུན་མས་ངོ་རྒོལ།


སྤྱི་ཟླ་གསུམ་པའི་ཚེས་དགུ་ཉིན་ཁམས་རྟའུ་བྲག་དཀར་དགའ་ལྡན་ཆོས་གླིང་ བཙུན་མའི་དགོན་པར་ས་གནས་སྲིད་གཞུང་གིས་བཙུན་མ་རེར་ལྷམ་ཆ་རེ་སྤྲད་ དེ་གསུམ་བཅུའི་དུས་དྲན་ཉིན་མོར་ཟིང་ས་སོགས་གནས་ཚུལ་གང་ཡང་མི་ འབྱུང་བའི་སྐུལ་མ་བྱས་ཡོད་ཀྱང་། བཙུན་མ་ཚོས། ༼ང་ཚོར་རང་དབང་མེད་ པའི་སྡུག་བསྔལ་ཡོད་མ་གཏོགས། ལྷམ་གྱོན་རྒྱུ་མེད་པའི་དཀའ་ངལ་མེད།༽ཅེས་བརྗོད་དེ། ས་གནས་སྲིད་གཞུང་གིས་སྤྲད་པའི་ལྷམ་རྣམས་སྒོ་རྭའི་ནང་གང་ བྱུང་དུ་གཏོར་ཏེ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་པ་རེད། ཁམས་རྟའུ་བྲག་དཀར་དགའ་ལྡན་ཆོས་གླིང་ནི་སྤྱི་ལོ་ལོར་རང་ལུས་མེར་ བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་ཨ་ནེ་དཔལ་ལྡན་ཆོས་འཚོ་ཡི་དགོན་པ་དེ་ཡིན་པ་དང་། གནས་ཚུལ་ངོ་སྤྲོད་པ་ཞིག་གིས་བརྗོད་དོན་ཡིན་ན། བཙུན་མའི་དགོན་པ་འདིར་ལོ་རེར་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་ སྐབས་འཚོ་བའི་ནང་གི་རྒྱུན་བཀོལ་གྱི་ཅ་ལག་སོགས་རིན་མེད་དུ་སྤྲད་དེ་བཙུན་ མ་ཚོར་ངོ་རྒོལ་དང་ཟིང་ཆ་མི་སློང་བར་རེ་བ་བྱེད་ཀྱིན་ཡོད་འདུག་ཀྱང་། ད་ལྟའི་བར་དུ་ས་གནས་སྲིད་གཞུང་གིས་སྤྲད་པའི་ཅ་ལག་སོགས་ངོས་ལེན་བྱེད་མྱོང་མི་འདུག་ལ། བཙུན་མའི་དགོན་པ་འདི་ཡིས་སྔ་ཕྱི་རུ་༧གོང་ས་མཆོག་གི་འཁྲུངས་སྐར་དུས་ ཆེན་ལ་སོགས་པར་སྲུང་བརྩི་གཟབ་རྒྱས་གནང་མྱོང་ཡོད་པ་རེད།

XS
SM
MD
LG