ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཚོགས་ཆེན་གཉིས་པེ་ཅིང་ལ་ཚོགས་བཞིན་པའི་སྐབས་སུ་ཞུ་གཏུག་པ་ཇེ་མང་།


རྒྱ་ནག་གི་ཚོགས་ཆེན་གཉིས་ཟླ་བ་གསུམ་པའི་ཚེས་༣་ཉིན་དངོས་སུ་འགོ་ཚུགས་པ་དང་དུས་མཚུངས་སུ་པེ་ཅིང་ལ་མི་དམངས་ཞུ་གཏུག་པ་རྒྱ་ཆེན་པོ་ཞིག་ཡོང་གི་ཡོད་མོད། འོན་ཀྱང་རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་ལས་འགུལ་དེར་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་དྲ་རྒྱ། མི་དམངས་ཀྱི་འཚོ་བ་ལྟ་ཞིབ་ཟེར་པའི་ཐོག་ཏུ་གནས་ཚུལ་སྤེལ་དོན་ལྟར་ན། མི་མང་བཀག་ཉར་བྱ་ཡུལ་གྱི་ལྟེ་གནས་སུ་མི་མང་ཞུ་གཏུག་པ་ལྔ་བརྒྱ་ཙམ་བཀག་ཡོད་ཅིང་། ད་དུང་ཡང་རྒྱ་གཞུང་གི་ཉེན་རྟོགས་པས་མི་མང་ཞུ་གཏུག་པ་འཛིན་བཟུང་བྱ་རྒྱུ་མཚམས་བཞག་མེད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG