ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་གར་དང་པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་གཉིས་མཇལ་འཕྲད།


རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱ་ཡེ་ཤཱང་ཀར་གཟའ་མིག་དམར་ཉིན་པ་ཀི་སི་ཐན་གྱི་རྒྱལ་ས་ཨཱིས་ལཱ་མ་བྷད་ལ་འཚམས་འདྲིར་ཕེབས་ཏེ། ཁོང་ལ་ལྷོ་ཨེ་ཤི་ཡའི་ཁྱིམ་ཚེས་རྒྱལ་ཁབ་པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་ཅོ་རྡི་རཱིས་ཕེབས་བསུ་དང་སྣེ་ལེན་གཟབ་རྒྱས་ཞུས་ཡོད་ཅིང་། ད་ལན་ཉིན་གཉིས་ཀྱི་འཚམས་འདྲི་འདི་ན་ནིང་རྒྱ་གར་དང་པ་ཀིས་ཐན་གཉིས་ཀྱི་འབྲེལ་བར་དོ་ཕོག་ཤུགས་ཆེན་བྱུང་བའི་རྗེས་སུ་ཕྱོགས་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་ཚོ་གྲོས་མོལ་བྱུང་བ་དང་པོ་ཡིན་པ་ཆགས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG