ངོ་འཕྲད་བདེ་བའི་དྲ་འབྲེལ།

འབར་མའི་བྱང་ཕྱོགས་སུ་སྐབས་འགར་འཐབ་འཁྲུག་ལང་རྒྱུ་ལོ་ངོ་བཅུ་ཕྲག་མང་པོར་མཚམས་ཆད་མྱོང་མེད་པ་དང་། ༢༠༠༩་བར་དུ་འབར་མའི་བྱང་ཕྱོགས་ཀྱི་ཁོ་ཁང་རང་སྐྱོང་ས་ཁུལ་དེར་རྒྱ་རིགས་ཕེང་ཅཱ་ཧྲེང་ཞེས་པ་ཞིག་གིས་དབང་སྒྱུར་བྱས་ཀྱང་། ལོ་ཤས་གོང་དུ་འབར་མའི་གཞུང་དམག་གིས་ས་ཁུལ་དེར་དབང་སྒྱུར་བྱས་ཤིང་། ད་ལྟ་འབར་མའི་བྱང་ཕྱོགས་ཀྱི་རྒྱ་རིགས་གྱེན་ལོག་པ་ཚོས་ཁོ་ཁང་རང་སྐྱོང་ས་ཁུལ་ལ་བསྐྱར་དུ་དབང་སྒྱུར་བྱ་རྒྱུའི་ཆེད་དུ་འཐབ་འཁྲུག་རྒྱག་གི་ཡོད་པ་མ་ཟད། ལོ་ན་༨༤་ལ་སོན་པའི་རྒྱ་རིགས་ཕེང་ཅཱ་ཧྲེང་གིས་མངའ་ཁུལ་དེའི་དཔལ་འབྱོར་འཕེལ་རྒྱས་ཇི་ལྟར་བཏང་ཡོད་མེད་པ་དང་ཁོང་གིས་ས་ཁུལ་དེར་དར་ཁྱབ་ཆེ་བའི་དུད་ནག་གི་ཚོང་ལས་ཇི་ལྟར་བཀག་ཡོད་མེད་སོགས་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ལས་ཁང་ཁག་ལ་འགྲེལ་བཤད་བརྒྱབ་སྟེ། ཁོང་གི་འགོ་ཁྲིད་པའི་འབར་མའི་བྱང་ཕྱོགས་ཀྱི་གྱེན་ལོག་འཐབ་འཁྲུག་དེར་རྒྱ་ནག་མི་མང་གི་རྒྱབ་སྐྱོར་འཐོབ་ཐབས་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG