ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གློག་བརྙན་ཞིག་གི་ནང་སོག་པོའི་རིག་གཞུང་རྫུན་མ་སྟོན་གྱི་ཡོད་པའི་སྐྱོན་བརྗོད།


རྒྱ་མིའི་ལོ་གསར་གྱི་ཉིན་བསྟན་རྒྱུ་འགོ་འཛུགས་བྱས་པའི་གློག་བརྙན་སྐད་གྲགས་ཅན་ཞིག་ལ་ སོག་རིགས་ཡིན་པའི་རྒྱ་ནག་གི་རྩོམ་པ་པོ་ཞིག་གིས་སྐྱོན་བརྗོད་བྱས་ཏེ་ གློག་བརྙན་དེའི་ནང་ དོན་དངོས་ལ་འཁྱོག་བཤད་བྱས་ཏེ་ སོག་པོའི་རིག་གཞུང་རྫུན་མ་སྟོན་གྱི་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད་ གློག་བརྙན་དེ་ནི་ སྤྱི་ལོ་༢༠༠༤ལོར་ རྒྱ་མི་རྩོམ་པ་པོ་ལཱུ་ ཅཱ་མིན་ནམ་ མྱུག་མིང་ལ་ ཀྲང་རོང་ཞེས་པས་བྲིས་པའི་ཕྱེད་རང་རྣམ་ཡིན་པའི་སྒྲུང་དེབ་ཅིག་ལ་གཞི་གཞག་སྟེ་བཟོས་པ་ཞིག་ཡིན་ཞིང་ མིང་ལ་མཚོན་རྟགས་སྤྱང་ཀི་ཞེས་པའི་གློག་བརྙན་དེའི་ནང་ དེ་སྔ་རིག་གནས་གསར་བརྗེའི་སྐབས་ཏེ་༡༩༦༧ལོར་ རྒྱ་རིགས་སློབ་ཕྲུག་ན་གཞོན་ཞིག་ ནང་སོག་གི་འབྲོག་པའི་ས་ཁུལ་ལ་སླེབས་ཏེ་ དེ་གར་སོག་པོ་འབྲོག་པ་རྣམས་དང་གཤིབ་ནས་བསྡད་པར་བརྟེན་ སོག་པོའི་རིག་གཞུང་དང་ རྒྱུན་སྲོལ་ གོམ་གཤིས་སོགས་ལ་དོ་སྣང་ཆེན་པོ་བྱས་ཏེ་ཤེས་རྟོགས་གཏིང་ཟབ་བྱུང་བའི་སྐོར་ཡིན་པ་རེད་ དེའི་ནང་ སོག་པོ་འབྲོག་པ་རྣམས་ནི་ སྤྱང་ཀི་ལ་དགའ་མོས་ཆེན་པོ་བྱེད་མཁན་ཞིག་ཡིན་པ་བསྟན་ཏེ་ རྒྱ་རིགས་སློབ་ཕྲུག་དེས་ཀྱང་དེ་ལྟར་དགའ་མོས་བྱས་ཏེ་ སྤྱང་ཀིའི་སྤྱང་ཕྲུག་གཅིག་གསོ་ཉར་བྱས་པ་སོགས་སྟོན་གྱི་ཡོད་སྟབས་ སོག་པོ་རྩོམ་པ་པོ་གྷུ་ ཤཱུ་བྷོ་ཡིས་ གློག་བརྙན་དེ་ལ་སྐྱོན་བརྗོད་བྱས་ཏེ་ སོག་པོའི་ལོ་རྒྱུས་ཀྱི་ནང་སྤྱང་ཀི་ལ་དགའ་མོས་བྱས་པའི་ལོ་རྒྱུས་གཏན་ནས་མེད་པ་དང་ སྤྱང་ཀི་ནི་ འདོད་རྔམ་ཆེ་ལ་ རང་ཤེད་ཆེ་བ་དང་ གདུག་རྩུབ་ཆེ་བའི་སེམས་ཅན་ཞིག་ཡིན་པས་ ང་ཚོའི་སེམས་རྒྱུད་སྤྱང་ཀི་དང་འདྲ་བ་ཡིན་ཚུལ་གྱི་རྣམ་པ་སྟོན་ཐབས་བྱེད་པ་འདི་ནི་ སྒྲུང་དེབ་རྩོམ་བྲིས་པས་ སོག་པོའི་རིག་གཞུང་རྫུན་བཟོ་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།

XS
SM
MD
LG