ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་གླིང་བདག་དབང་གི་རྩོད་རྙོག


ཉེ་དུས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་གླིང་བདག་དབང་གི་རྩོད་རྙོག་ ཐད་ཆབ་སྲིད་ཀྱི་དཔྱད་གཏམ་སྤེལ་བ་ཕལ་ཆེ་བས། དོ་སྣང་གཙོ་བོ་རྒྱ་ནག་དང་ ཕྷི་ལི་པིན་གྱི་རྩོད་རྙོག་གི་གནད་དོན་ཐད་བྱས་ཡོད་པ་རེད། འོན་ཀྱང་། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་གླིང་བདག་དབང་གི་རྩོད་རྙོག་དེ་ དག་ནི། ཁུལ་དེའི་ནང་དུ་རང་བྱུང་གཏེར་རྫས་ཕྱུག་པོ་ཡོད་པ་དེ་དག་བདག་ བཟུང་བྱ་ཐབས་ཀྱི་འགྲན་རྩོད་ཅིག་ཡིན་པ་ཡོངས་གྲགས་སུ་ངོས་འཛིན་བྱེད་ ཀྱི་ཡོད་པ་དང་། མཚོ་གླིང་བདག་དབང་གི་ཁྲིམས་དོན་ཐད། རྩོད་གླེང་ཡོད་པར་ མ་ལྟོས་པར། རྒྱ་ནག་གིས། རང་བྱུང་གཏེར་རྫས་ཕྱུག་པོ་ཡོད་སའི་ས་ཁུལ་ཁག་ གི་ནང་འཛུལ་ཞུགས་བྱ་ཐབས་སུ་དམིགས་ཏེ། དངོས་ཡོད་ཀྱི་གནས་ཚུལ་ལ་ འགྱུར་བ་གཏོང་ཐབས་ཀྱི་འབད་བརྩོན་མུ་མཐུད་བྱེད་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG