ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་བློན་མོ་རྡི། ཨ་རུ་ན་ཅཱལ་མངའ་སྡེར་ཕེབས་པར་རྒྱ་ནག་གིས་ངོ་རྒོལ་བྱས་ཡོད་པ།


རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཤིན་ཧ་ཡིས་སྤེལ་བའི་གནས་ཚུལ་ལྟར། རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ན་རེནྡྲ་མོ་རྡི་མཆོག་ད་རེས་ཉེ་དུས་རྒྱ་གར་ཤར་ཕྱོཌ་ཀྱི་མངའ་སྡེ་ཨ་རུ་ན་ཅཱལ་པྲ་རྡེཤ་ལ་མཚམས་འདྲི་གཟིཌ་སྐོར་ལ་ཕེབས་པར་ངོ་རྒོལ་བྱ་རྒྱུར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ལིའུ་ཀྲེན་མིན་གྱིས་ཁ་ས་་གཟའ་སྤེན་པའི་ཉིན་པེ་ཅིང་ནང་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཨ་ཤོག་ཁཱན་ཐ་འབོད་འགུགས་གནང་ཡོད་འདུག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ལིའུ་ཡིས་སྲིད་བློན་མོ་རྡི་མཆོག་གིས་རྕོད་རྙོག་ཡོད་པའི་ས་ཁུལ་དེར་གཟིགས་སྐོར་གནང་བར་རྒྱ་ནག་གིས་ངོ་རྒོལ་ཤུགས་ཆེ་བྱེད་ཀྱི་ཡོད་ཅེས་བཤད་འདུག སྲིད་བློན་མོ་རྡི་མཆོག་གིས་མངའ་སྡེ་དེ་བཞིན་རྒྱ་གར་གྱི་མངའ་སྡེ་ཞིག་ཆགས་ཏེ་ལོ་༢༣ འཁོར་བའི་དུས་ཚིགས་ལ་སྲུང་རྩི་ཞུ་རྒྱུར་་གཟའ་པ་སངས་ཀྱི་ཉིན་མངའ་སྡེ་དེར་མཚམས་འདྲི་གཟིཌ་སྐོར་གནང་ཡོད་པ་དང་། སྲིད་བློན་མོ་རྡི་མཆོག་གིས་གཟའ་པ་སངས་ཀྱི་ཉིན་ཨ་རུ་ན་ཅཱལ་པྲ་རྡེཤ་ལ་གཟིཌ་སྐོར་གནང་བར་རྒྱལ་ས་ལྡི་ལི་གསར་པའི་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཀྱིས་དེའི་དགོང་དྲོ་རང་ངོ་རྒོལ་ཡོད་པའི་སྙན་ཞུ་ཞིག་རྒྱ་གར་གྱི་ཕྱི་སྲིད་ལས་ཁུལ་ལ་ཕུལ་ཡོད་འདུག

XS
SM
MD
LG