ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རིས་ཨཕྷ་གྷན་ནས་དཔུང་དམག་ཕྱིར་འཐེན་དུས་འགྱངས་བྱ་རྒྱུའི་རྣམ་འགྱུར་སྟོན་གྱི་ཡོད་པ།


ཨ་མེ་རི་ཀའི་གཞུང་གིས། ཨཕྷ་གྷ་ནེསྟན་གྱི་ནང་ནས་དཔུང་དམག་ཕྱིར་ འཐེན་བྱ་རྒྱུའི་ལས་གཞི་ཁག་དལ་དུ་གཏོང་རྒྱུར་བསམ་ཞིབ་ནན་ཏན་བྱེད་ཀྱི་ ཡོད་ལུགས་ཨ་མེ་རི་ཀའི་རྒྱལ་སྲུང་དྲུང་ཆེ་གསར་པས། ཕྱི་ཟླ་གཉིས་པའི་ཚེས་ ༢༡ རེས་གཟའ་སྤེན་ཉིན་བརྗོད་ཡོད་པ་དང་། རྒྱལ་སྲུང་དྲུང་ཆེ་ Ashton Carterགྱིས། ཨཕྷ་གྷན་གྱི་རྒྱལ་ས་ཀ་བྷུལ་གྱི་ནང་གནང་པའི་གོང་ཞུས་ཀྱི་ གཏམ་བཤད་དེས། ཨཕྷ་གྷ་ནེསྟན་གྱི་སྲིད་འཛིན་གསར་པ་ Ashraf Ghani དང་། འབྲེལ་ཡོད་དམག་དཔོན་རྣམས་ཀྱིས་བྱུས་སྟོན་གནང་པ་གཞི་བཟུང་། ཨཕྷ་གྷ་ནེསྟན་གྱི་ནང་དུ་ཡོད་པའི་ཨ་མེ་རི་ཀའི་དམག་མིའི་སྒར་ས་འགའ་ཞིག་སྒོ་རྒྱབ་རྒྱུའི་ལས་གཞི་དུས་འགྱངས་བྱས་ཏེ། ཨཕྷ་གྷ་ནེསྟན་གྱི་ནང་ཨ་མེ་རི་ ཀའི་དཔུང་དམག་མང་བ་མུ་མཐུད་འགྲེམས་འཇོག་བྱ་རྒྱུའི་འཆར་གཞི་ཡོདཔ་ གསལ་སྟོན་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG