ངོ་འཕྲད་བདེ་བའི་དྲ་འབྲེལ།

ཤི་རི་ལང་ཀའི་སྲིད་འཛིན་གྱིས་རྒྱ་གར་གྱི་རྗེས་སུ་རྒྱ་ནག་ལ་འཚམས་འདྲི་གནང་འཆར་ཡོད་པ།


ཤི་རི་ལང་ཀའི་སྲིད་འཛིན་མཱེ་ཏཱི་རི་པཱ་ལཱ་ སཱི་རི་སཱེ་ན་ཡིས་ རེས་གཟའ་ཟླ་བའི་ཉིན་ རྒྱ་གར་ལ་འཚམས་འདྲི་གནང་འགོ་ཚུགས་ཡོད་པ་དེ་ནི་ ཁོང་སྲིད་འཛིན་ལ་འདེམས་ཐོན་བྱུང་བའི་རྗེས་རྒྱ་གར་ལ་རྒྱལ་དོན་འཚམས་འདྲི་གནང་བ་ཐོག་མ་དེ་ཡིན་ཞིང་ རྒྱ་གར་ནང་འཚམས་འདྲི་གནང་སྒོ་མཇུག་འགྲིལ་བའི་རྗེས་སུ་ དེ་ནས་སྤྱི་ཟླ་གསུམ་པའི་ཟླ་མཇུག་ཙམ་ལ་ རྒྱ་ནག་ལ་འཚམས་འདྲིར་ཕེབས་རྒྱུའི་འཆར་གཞི་ཡོད་པ་རེད་ དེའི་གྲ་སྒྲིག་བྱ་རྒྱུའི་ཆེད་དུ་ ཤི་རི་ལང་ཀའི་ཕྱི་སྲིད་བློན་ཆེན་ གཟའ་འཁོར་རྗེས་མ་རྒྱ་ནག་ལ་ཕེབས་རྒྱུའི་འཆར་གཞི་ཡོད་པའི་སྐོར་ རྒྱ་ནག་གི་ཕྱི་སྲིད་ཁང་གི་མགྲིན་ཚབ་པས་ པེ་ཅིང་དུ་གསར་འགོད་པ་ཚོར་འགྲེལ་བརྗོད་བྱས་ཡོད་ཅིང་ གནས་ཚུལ་འདི་དག་ནི་ དེང་སྐབས་རྒྱ་གར་དང་ རྒྱ་ནག་གཉིས་ ཤི་རི་ལང་ཀའི་ནང་རང་གི་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུའི་ཐད་འགྲན་བསྡུར་རྣོ་ངར་ཆེན་པོ་ཞིག་ཐུག་བཞིན་པའི་སྐབས་འདིར་བྱུང་བ་ཞིག་ཀྱང་ཡིན་པ་རེད་ ཤི་རི་ལང་ཀའི་སྲིད་གཞུང་རྙིང་པས་ རྒྱ་ནག་དང་ཉེ་འབྲེལ་ཆེ་བའི་སྲིད་བྱུས་ཤིག་དམ་འཛིན་བྱས་ཡོད་ཀྱང་ གསར་དུ་འདེམས་ཐོན་བྱུང་བའི་སྲིད་འཛིན་སཱི་རི་སཱེ་ན་གཞུང་གིས་ རྒྱ་གར་དང་འབྲེལ་བ་ཉེ་བའི་སྲིད་བྱུས་འཛིན་རྒྱུ་དེ་གལ་ཆེར་ངོས་འཛིན་བྱ་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད།

XS
SM
MD
LG