ངོ་འཕྲད་བདེ་བའི་དྲ་འབྲེལ།

གྲོང་གསེབ་ནས་ཡོང་བའི་ལས་མི་ཚོར་གྲོང་ཁྱེར་གྱི་ཐེམ་ཐོ་སྤྲོད་འཆར།


རྒྱ་ནག་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐེམ་ཐོའི་ལམ་ལུགས་ཤིག་གཏན་འབེབས་བྱས་ནས་ལོ་ངོ་བཅུ་ཕྲག་མང་པོ་སོང་ཡོད་ཅིང་། འདས་པའི་ལོ་ངོ་༣༠་ལྷག་ལ་རྒྱ་ནག་གི་གྲོང་གསེབ་པ་ས་ཡ་མང་པོ་ལོ་ལྟར་གྲོང་ཁྱེར་ཁག་ལ་ལས་ཀ་འཚོལ་དུ་སོང་སྟེ། ཁོ་ཚོ་གྲོང་ཁྱེར་ནང་དུ་གཞིས་ཆགས་ནས་ལོ་མང་སོང་རུང་ད་དུང་ཡང་རྒྱ་ནག་གཞུང་གིས་གྲོང་གསེབ་ནས་ལས་ཀ་འཚོལ་དུ་ཡོང་སྟེ་གྲོང་ཁྱེར་ནང་དུ་གཞིས་ཆགས་པའི་མི་མང་དེ་ཚོར་གྲོང་ཁྱེར་གྱི་ཐེམ་ཐོ་སྤྲོད་ཀྱི་མེད་པས། གྲོང་གསེབ་ནས་ཡོང་བའི་ལས་མི་དེ་དག་གི་བུ་ཕྲུག་རྣམས་གྲོང་ཁྱེར་གྱི་སློབ་གྲྭ་ཁག་ལ་འགྲིམ་མི་ཆོག་པ་དང་། ཕ་མ་ཚོར་གྲོང་ཁྱེར་གྱི་མི་དམངས་ལ་ཡོད་པའི་སྨན་བཅོས་ཀྱི་ཐོབ་ཐང་དང་རྒས་ཕོགས། ཁང་པ་སོགས་གྲོང་ཁྱེར་གྱི་མི་དམངས་ལ་ཡོད་པའི་ཐོབ་ཐང་དེ་དག་གི་གཅིག་ཀྱང་མེད་པས། ད་ལྟ་རྒྱ་ནག་གཞུང་གིས་གྲོང་ཁྱེར་ཁག་ནས་ཡོང་བའི་ལས་མི་ཚོར་གྲོང་ཁྱེར་གྱི་གཏན་འཇགས་ཐེམ་ཐོ་སྤྲོད་རྒྱུའི་འཆར་གཞི་ཞིག་གསལ་བསྒྲགས་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG