ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྩོད་གླེང་ཡོད་པའི་མཚོ་ཁུལ་དུ་ཚང་མས་ཁྲིམས་ལ་བརྩི་སྲུང་དགོས་ཞེས་ཉི་ཧོང་གིས་བརྗོད།


ཤར་རྒྱ་ནག་རྒྱ་མཚོའི་ནང་ཡོད་པའི་གླིང་ཕྲན་ཁག་ཅིག་གི་བདག་དབང་གི་ཐད། ཉི་ཧོང་དང་རྒྱ་ནག་རྩོད་གླེང་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། མཚོ་གླིང་གི་བདག་དབང་རྩོད་གླེང་བྱེད་མཁན་ཚང་མས། རྒྱལ་སྤྱིའི་ཁྲིམས་གཞི་ལ་བརྩི་སྲུང་བྱེད་དགོས་པ་ཡིན་ཞེས། གཟའ་ཕུར་བུའི་ཉིན། ཉི་ཧོང་གི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་གསུངས་ཡོད་པ་རེད། དེ་ཡང་། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཡིས། དེ་ཉིན་རྒྱལ་ཁབ་མང་པོའི་གཞུང་ཚབ་མི་སྣ་དང་། ཤེས་ཡོན་ཅན་མང་པོ་ཚོགས་ཞུགས་བྱས་པའི་ཉིན་གཉིས་ཀྱི་ལྷན་ཚོགས་ཤིག་འགོ་འཛུགས་ཀྱི་གཏམ་བཤད་གནང་སྟེ། བར་ལམ་ཨེ་ཤི་ཡེའི་མཚོ་རྒྱུད་དུ་མི་མཐུན་པའི་འགལ་བ་དང་། འཁོན་འཛིན་ཇེ་ཆེར་ཕྱིན་པ་ང་ཚོས་མཐོང་ཐོས་བྱུང་ཡོད་པས། ཁུལ་དེར་ཞི་བདེ་དང་། བརྟན་ལྷིང་བསྐྲུན་རྒྱུར། ཁྲིམས་ཀྱིས་དབང་བསྒྱུར་ལ་བརྩི་སྲུང་དང་། ལག་ལེན་བསྟར་རྒྱུ་དོ་ནན་དུ་ངེས་པར་དུ་གཏོང་དགོས་པ་ཡིན་ཞེས་གསུངས་ཡོད་པ་རེད། ལྷན་ཚོགས་དེ་ནི། དེང་སང་། ཤར་རྒྱ་ནག་རྒྱ་མཚོ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཡོད་པའི་གླིང་ཕྲན་ཁག་ཅིག་གི་བདག་དབང་གི་ཐད། རྒྱ་ནག་དང་། རྒྱལ་ཁབ་གཞན་མང་པོ་རྩོད་གླེང་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་འཚོགས་པ་ཞིག་ཀྱང་ཡིན་པ་དང་། ཉིན་གཉིས་རིང་གི་ལྷན་ཚོགས་དེའི་ནང་། རྒྱ་ནག་དང་། ཝེཏ་ནཱམ། དེ་བཞིན། ནུབ་ཕྱོགས་རྒྱལ་ཁབ་འགའ་ཞིག་བཅས་ཀྱི་ཤེས་ཡོན་ཅན་མང་པོ་ཚོགས་ཞུགས་བྱས་ཡོད་པ་རེད།།

XS
SM
MD
LG