ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༣/༡༡/༣༠

རྔ་པར་དམག་མི་ཕོན་ཆེན་སླེབས་བཞིན་པ།


བོད་ཀྱི་ལོ་གསར་སླེབས་ལ་ཉེ་བའི་སྐབས་འདིར་ཨ་མདོ་རྔ་པར་རྒྱུན་ལྡན་དམག་སྒར་ཡོད་པ་དེའི་སྒང་ལ་དམག་མི་ཇེ་མང་དུ་བཏང་སྟེ་དམ་དྲག་སྔར་ལས་ཇེ་ཆེར་གཏོང་མགོ་ཚུགས་འདུག ཕྱི་ཚེས་༡༡་ཉིན་ས་གནས་བོད་པ་ཞིག་གིས་ལྐོག་ཏུ་བརྙན་པར་བླངས་པ་ཞིག་འདི་ཀ་ཨ་རིའི་རླུང་འཕྲིན་ཁང་ལ་བསྐུར་ཡོང་བ་དེར་རིང་ཐུང་སྐར་མ་གཅིག་དང་སྐར་ཆ་༣༥་ལས་མེད་ཀྱང་དུས་ཡུན་ཐུང་ཐུང་དེའི་རིང་ལ་ཁྱོན་བསྡོམས་དམག་གི་རླངས་འཁོར་༢༢་ཨ་མདོ་རྔ་པའི་རྫོང་མཁར་གྱི་ཐག་ཉེར་ཡོད་པའི་དམག་སྒར་དུ་སྐྱོད་བཞིན་པ་མཐོང་ཐུབ་ཅིང་། ས་གནས་དེའི་བོད་པ་ཚོས་བརྗོད་ན་རྔ་པ་རྫོང་མཁར་དང་ཀིརྟི་དགོན་པའི་བར་དུ་ལོ་ཤས་སྔོན་ནས་དམག་སྒར་ཚུགས་ཏེ་དམག་མི་ཕོན་ཆེན་ཞིག་གཏན་སྡོད་བྱེད་ཡོད་པ་དང་། ད་ལྟ་བོད་ཀྱི་ལོ་གསར་སླེབས་ལ་ཉེ་བའི་སྐབས་འདིར་གློ་བུར་དུ་དམག་མི་ཁ་སྣོན་གྱིས་དམག་གི་རླངས་འཁོར་མང་པོ་རྒྱུན་ཆད་མེད་པར་ཡོང་བཞིན་པ་འདི་བོད་པ་ཚོར་ལོ་གསར་སྐབས་སུ་དམ་དྲག་བྱ་སྲིད་པས། དེ་ལྟར་བྱུང་ན་བོད་པ་ཚོས་བཟོད་བསྲན་བྱ་མི་ཐུབ་པར་དོན་རྐྱེན་འབྱུང་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་མ་ཟད། ས་གནས་བོད་པ་དེས་མུ་མཐུད་དུ་བརྗོད་དོན་ལྟར་ན་སྤྱིའི་ཆ་ནས་རྔ་པ་རྫོང་ཐོག་ཏུ་སྔོན་ནས་དམ་དྲག་ཆེན་ཡོད་ཀྱང་ལོ་གསར་གྱི་སྔོན་ལ་ས་གནས་གང་སར་དམག་མི་འགྲེམ་འཇོག་བྱས་འདུག་ཅེས་བཤད་པ་དང་། རྔ་པ་རྫོང་མཁར་དང་ཀིརྟི་དགོན་པ་སོགས་ལ་སྔར་ལས་ལྷག་པའི་དམག་མི་མང་དུ་བཏང་ནས་ཕྱི་ནང་གི་འགྲུལ་བཞུད་ཡོངས་རྫོགས་བཀག་ནས་གང་ཅིའི་གནས་སྟངས་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG