ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

༧གོང་ས་མཆོག་གིས་ཌེན་མཱག་བོད་མི་དང་རྒྱལ་ཁབ་དེའི་ནང་པ་བཅས་ལ་བཀའ་སློབ་བསྩལ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ནོར་ཝེ་ཡུལ་གྱི་ནང་མཛད་དོན་རྒྱ་ཆེ་ཞིག་ལེགས་པར་བསྐྱངས་གྲུབ་པའི་རྗེས་ ཚེས་བཅུའི་ཉིན་ ཌེན་མཱག་ཡུལ་གྱི་རྒྱལ་ས་ཀཱོ་པཎ་ཧེ་གྷེན་དུ་ཞབས་སོར་བདེ་བར་འཁོད་ཡོད་ཅིང་ གནམ་ཐང་དུ་ ལ་ཀ་རིན་པོ་ཆེས་དབུས་ཆིབས་བསྒྱུར་གོ་སྒྲིག་ཞུ་མཁན་ཚོགས་པ་ཁག་བདུན་གྱི་སྐུ་ཚབ་འཐུས་མི་རྣམས་དང་ རྒྱ་གར་གྱི་གཞུང་ཚབ་ཁང་གི་སྐུ་ཚབ་བཅས་ཕེབས་བསུར་བཅར་ཏེ་ གུས་བསུའི་སྣེ་ལེན་ཞུས་ཡོད་འདུག་ དེ་ཉིན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ཆིབས་བསྒྱུར་གོ་སྒྲིག་ཞུ་མཁན་དང་ བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མི་བཅས་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་ཅིང་ སྐབས་དེར་མགོན་པོ་མཆོག་གིས་ལ་ཀ་རིན་པོ་ཆེ་སྟེང་ཞལ་རྣམ་གཉིས་ཀྱིས་ བོད་སྤྱི་བའི་དོན་དུ་ཐུགས་འཁུར་ཆེ་བཞེས་གནང་དང་གནང་བཞིན་ཡོད་པར་ ཐུགས་རྗེ་ཆེ་ཞེས་བཀའ་གནང་ཡོད་འདུག་ ཡང་ དེ་ཉིན་མགོན་པོ་མཆོག་གིས་ བོད་མི་རྣམས་ལ་མཇལ་ཁ་དང་འབྲེལ་ བླང་དོར་གྱི་བཀའ་སློབ་བཀྲིན་ཆེ་གནང་མཛད་དེ་ བོད་མི་རིགས་ཞེས་པ་འདི་ནི་ གཞན་དང་མི་འདྲ་བའི་མི་རིགས་ཤིག་ཡིན་ཞིང་ མི་རིགས་འདི་ལ་ དེང་གི་དུས་སུའང་ཀུན་ལ་ངོམས་སུ་ཆོག་པའི་མཐུན་མོང་མ་ཡིན་པའི་རིག་གཞུང་ཤིན་ཏུ་ཕྱུག་པ་ཞིག་ཡོད་པ་དེ་ མི་ཉམས་གཅེས་འཛིན་བྱ་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་ཞེས་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།

XS
SM
MD
LG