ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཝེཏ་ནམ་ནས་སྐྱབས་བཅོལ་དུ་ཡོང་མཁན་རྣམས་ཀེམ་བྷོ་ཌི་ཡས་བཀག་འགོག་བྱ་རྒྱུ་མེད་པའི་སྐུལ་མ།


ཀེམ་བྷོ་ཌི་ཡ་གཞུང་གིས། ཁྱིམ་མཚེས་ཡུལ་གྲུ་ཝེཏ་ནཱམ་ནས་སྐྱབས་བཅོལ་དུ་ཡོང་བ་ཚོ་ཁག་ཅིག ཉེ་དུས་བཙན་བཤེད་ཀྱིས་རང་ཡུལ་ལ་ཕྱིར་སློག་བཏང་བའི་གནས་ཚུལ་ཐོན་ཡོད་སྟབས། ད་ཆ་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས། ཀེམ་བྷོ་ཌི་ཡ་གཞུང་ལ། རྒྱལ་སྤྱིའི་གྲོས་མཐུན་ཆོད་ཡིག་ལ་བརྩི་སྲུང་བྱས་ཏེ། སྐྱབས་བཅོལ་བ་ཕྱིར་སློག་གཏོང་རྒྱུ་མཚམས་འཇོག་བྱེད་དགོས་པ་ཡིན་ཞེས་བརྗོད་འདུག འདི་ལོའི་ཕྱི་ཟླ་གཉིས་པའི་ཚེས་བཞི་ཉིན། ཀེམ་བྷོ་ཌི་ཡའི་རཱ་ཏཱ་ནཱ་ཀི་རཱི་ཞིང་ཆེན་གཞུང་གི་དཔོན་རིགས་ཚོས། ཝེཏ་ནཱམ་གྱི་ནང་། ཆོས་ལུགས་ཀྱི་ཐད་བཙན་གནོན་ཕོག་པར་བརྟེན་ནས་སྐྱབས་བཅོལ་དུ་ཡོང་བའི་ཁྱིམ་ཚང་གཅིག་གི་མི་ལྔ། ཝེཏ་ནཱམ་ལ་ཕྱིར་སློག་བཏང་བ་ཡིན་ལུགས་གསལ་བསྒྲགས་བྱས་ཡོད་པ་རེད། དེར་བརྟེན། ཀེམ་བྷོ་ཌི་ཡ་ལ་རོགས་དངུལ་སྤྲོད་མཁན་རྒྱལ་སྤྱིའི་ཡུལ་གྲུ་ཁག་གིས། ཡུལ་དེའི་སྲིད་གཞུང་ལ། གོང་ཞུས་ཀྱི་མི་དེ་ཚོའི་གྲས་སྐྱབས་བཅོལ་བ་ཡིན་པ་ངོས་འཛིན་བྱས་ཏེ། ཁོང་ཚོར་སྐྱབས་བཅོལ་གྱི་གནས་བབས་སྤྲོད་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་ཡིན་ཞེས། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་འབོད་བསྐུལ་གནང་འདུག

XS
SM
MD
LG