ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

༢༠༡༤ལོའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ་རྒྱ་ཡིག་ཐོག་བཏོན་པ།


ཕྱི་ཟླ་གཉིས་པའི་ཚེས་༩་ཉིན་གྱི་ཕ་ཡུལ་གླེང་སྟེགས་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་༢༠༡༤་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་དེ་ཐེངས་དང་པོར་རྒྱ་ཡིག་གི་ནང་དུའང་སྤེལ་བའི་ཐད་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཚེ་རིང་རྒྱལ་ལགས་དང་བགྲོ་གླེང་ཞུས་ཡོད།། དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གཟའ་སྤེན་པའི་ཉིན་འགྲེམ་སྤེལ་བྱས་པའི་སྙན་ཐོ་དེ་ནི་བོད་རྒྱ་དབྱིན་གསུམ་བཅས་སྐད་རིགས་གསུམ་གྱི་སྟེང་འགྲེམ་སྤེལ་བྱས་ཡོད་པ་དང་། སྐད་རིགས་གསུམ་ཆའི་སྟེང་གི་དེབ་ནི་དྲ་ཐོག་ནས་མར་ཕབ་ལེན་བྱས་ཆོག་པའི་དེབ་གཟུགས་སུའང་བཀོད་ཡོད་པ་རེད།། དམིགས་བསལ་སྒོས་ད་ལོར་ཐེངས་དང་པོར་རྒྱ་ཡིག་གི་སྟེང་འགྲེམ་སྤེལ་བྱས་པའི་སྙན་ཐོ་ནི་གློག་རྡུལ་གཟུགས་སུ་བཀོད་པ་དེ། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་དང་། སྐད་འཕྲིན་སོགས་སུ་ཁྱབ་སྤེལ་རྒྱ་ཆེ་རུ་བཏང་ནས། རྒྱ་ཡིག་ཀློག་མཁན་སྤྱི་དང་རྒྱ་རིགས་རྣམས་ལ་ཆེད་དུ་དམིགས་ནས་བོད་ནང་གི་གནས་སྟངས་དངོས་དེ་མཁྱེན་རྟོགས་ཡོང་ཐབས་སུ་བརྒྱུད་ལམ་སྣ་མང་ཐོག་འཛམ་གླིང་ག་སར་སྤེལ་གང་ཐུབ་བྱེད་བཞིན་ཡོད།།

XS
SM
MD
LG