ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

༧གོང་ས་མཆོག་གིས་མང་ཚོགས་ལ་གསུང་བཤད་དང་བོད་མི་ལ་བཀའ་སློབ་ཀྱི་མཛད་འཆར།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཟླའི་ཚེས་༦ནས་སུད་སིའི་མངའ་སྡེ་བྷེ་སལ་ནང་མཛད་དོན་བསྐྱང་སྒོ་ཁག་ད་ཆ་ལེགས་པར་གྲུབ་ཡོད་ཅིང་། ཆིབས་བསྒྱུར་གྱི་ཉིན་མཐའ་མ་སྟེ། ཕྱི་ཟླ་གཉིས་པའི་ཚེས་༨ རེས་གཟའ་ཉི་མའི་ཉིན། མགོན་པོ་མཆོག་གིས། སྔ་དྲོ་ཆོས་འབྲེལ་དང་ དེ་ནས་ཉིན་དགུང་རྒྱབ་ཏུ། ད་ལྟའི་འཛམ་གླིང་འདིར་མཁོ་བའི་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐད། མང་ཚོགས་སྟོང་ཕྲག་མང་པོར་གསུང་བཤད་བསྩལ་བ་དང་། དེ་རྗེས་སུད་སི་དང་ཉེ་འཁོར་རྒྱལ་ཁབ་ཁག་ནས་ཕེབས་པའི་བོད་མི་སྟོང་ཕྲག་བརྒྱད་མིན་ཙམ་ཞིག་ལ། དམིགས་བསལ་མཇལ་ཁ་དང་འབྲེལ་བླང་དོར་གྱི་བཀའ་སློབ་བཀྲིན་ཆེ་གནང་མཛད་པ་སོགས། མཛད་འཆར་གལ་ཆེན་གསུམ་བསྐྱངས་ཡོད་འདུག བྷེ་སལ་ནང་། མཛད་དོན་བསྐྱང་སྒོ་ཁག་ལེགས་པར་གྲུབ་པའི་རྗེས། ཚེས་དགུ། རེས་གཟའ་ཟླ་བའི་ཉིན། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག ཡུ་རོབ་ཀྱི་ཡུལ་གྲུ་ནོར་ཝེ་ལ་ཆིབས་ཞལ་བསྒྱུར་རྒྱུ་ཡིན་པ་རེད།།

XS
SM
MD
LG