ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཁ་ཆེའི་རྒྱལ་ཁམས་དང་ཞིན་ཅང་གི་ཡུ་གུར་པ།


རྒྱ་ནག་གི་གཞུང་གཉེར་གོ་ལའི་དུས་བབ་ཚགས་པར་ལ་སི་རི་ཡ་དང་ཨི་རཀ་གི་ས་ཐོག་ཏུ་གཞིས་ཚུགས་པའི་ཁ་ཆེའི་རྒྱལ་ཁམས་ཀྱིས་ཞིན་ཅང་གི་ཡུ་གུར་པ་གསུམ་བསད་ཅིང་། ཐོག་མར་ཡུ་གུར་པ་དེ་རྣམས་ཁ་ཆེ་རྒྱལ་ཁམས་ཀྱི་སྒྲིག་འཛུགས་ཁོངས་སུ་ཞུགས་ནས་འཇིགས་སྐུལ་རིང་ལུགས་ཀྱི་འཐབ་འཁྲུག་ལ་ཞུགས་ཏེ། ཡུ་གུར་པ་དེ་དག་ཐེམ་པ་རིམ་འཛེགས་བྱས་ནས་ཁ་ཆེ་དྲག་སྤྱོད་པའི་སྒྲིག་འཛུགས་ཁོངས་སུ་མཐོ་རིམ་གྱི་གོ་གནས་བཟུང་ཡོད། ཡིན་ནའང་ཕྱིས་སུ་ཡུ་གུར་པ་དེ་དག་གྲོས་བྱོལ་དུ་འགྲོ་ཐབས་བྱས་པ་དང་། དེར་བརྟེན་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོས་ཞིན་ཅང་གི་ཡུ་གུར་པ་དེ་རྣམས་དམར་གསོད་བྱས་པ་རེད་ཅེས་གནས་ཚུལ་སྤེལ་འདུག ཡིན་ནའང་རང་བཙན་གྱི་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་ཨི་རཀ་དང་སི་རི་ཡའི་ས་ཐོག་ཏུ་གཞིས་ཚུགས་པའི་ཁ་ཆེ་རྒྱལ་ཁམས་ཀྱི་སྒྲིག་འཛུགས་ཁོངས་སུ་ཞིན་ཅང་གི་ཡུ་གུར་པའི་འཐབ་མོ་བ་ཡོད་མེད་ངེས་གཏན་བྱ་ཐུབ་ཀྱི་མེད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG