ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༣/༡༢/༡༠

སྲིད་འཛིན་ཨོ་བྷ་མ་མཆོག་གིས་༧གོང་ས་མཆོག་ལ་བསྔཊ་བརྗོད་གནང་ཡོད་པ།


རེས་གཟའ་ཕུར་བུའི་ཉིན་ཨ་མེ་རི་ཀའི་གྲོས་ཚོགས་ཀྱིས་མགྲོན་བདག་ གནང་པའི་ལོ་རེའི་རྒྱལ་ཡོངས་སྨོན་ལམ་གསོལ་འདེབས་དང་འབྲེལ་བའི་སྔ་དྲོའིརྒྱས་འཛོམས་ཀྱི་ཐོག ཨ་མེ་རི་ཀའི་སྲིད་འཛིན་བྷ་རག་ཨོ་བྷ་མ་མཆོག་གིས། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི། བྱམས་སྙིང་རྗེའི་ཉམས་ ལེན་གྱི་རང་གཟུགས་ཀྱི་ མིག་དཔེ་ནུས་པ་དང་ལྡན་པ་ཞིག་ཡིན་ལུགས་གསུངས་ ཏེ་བསྔགས་བརྗོད་ཤུགས་ཆེ་གནང་བ་དང་འབྲེལ། རྒྱ་ནག་གཞུང་གིས་སྐྱོན་ བརྗོད་དྲག་པོ་བྱེད་ཡུལ་དུ་གྱུར་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི། ངའི་གྲོགས་པོ་བཟང་པོ་ཡིན་ཞེས་གསུངས་ཡོད་པ་རེད། རྒྱ་ནག་གཞུང་གིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི། ཉེན་ཚབས་ ཆེ་བའི་ཁ་བྲལ་རིང་ལུགས་པ་ཞིག་ཡིན་ལུགས་བརྗོད་དེ། འཛམ་གླིང་གི་རྒྱལ་ ཁབ་སུ་འདྲ་ཞིག་གི་སྲིད་འཛིན་གྱིས། ༧གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུར་ དགག་པ་རྒྱག་གི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG