ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ངོ་དེབ་ལས་ཁུངས་ལ་བོད་གནས་བཀག་འགོག་བྱེད་མི་རུང་བའི་ཞུ་གཏུག


རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འཛམ་གླིང་ཡོངས་ཁྱབ་ཏུ་རྒྱབ་སྐྱོར་བ་མང་པོའི་མཚན་རྟགས་བསྡུ་རུབ་བྱས་ཏེ་ཨ་རིའི་ནང་རྟེན་གཞི་བྱས་ཡོད་པའི་ངོ་དེབ་ལས་ཁུངས་ལ་བོད་ནང་གི་གནད་དོན་མཚོན་བྱེད་ཀྱི་བརྙན་རིས་སོགས་བཀག་འགོག་བྱས་མི་ཆོག་པའི་ཞུ་གཏུག་བྱས་པའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་དང་བགྲོ་གླེང་ཞུས་པ་ཡིན།། དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མཱ་ཐེའོ་མེ་ཁ་ཆི་ལགས་དང་། དྲ་ལམ་གྱི་ཐོབ་ཐང་དོན་གཉེར་ལས་ཁུངས་Care2 ཞུ་བའི་འགན་འཛིན་གཞོན་པ་ཇའོ་བྷེ་ཁེར་གཉིས་ཕྱི་ཟླ་དང་པོའི་ཚེས་༢༧་ཉིན་ཨ་རིའི་མངའ་སྡེ་ཁ་ལི་ཧྥོར་ནི་ཡའི་ནང་ཡོད་པའི་ངོ་དེབ་ལས་ཁུངས་སུ་བཅར་ཏེ་ངོ་དེབ་ཀྱི་འགན་འཛིན་མར་ཁེ་ཟོ་ཁེར་བྷིར་ཁི་ལགས་ཀྱི་མཚན་ཐོག་ཏུ་འཛམ་གླིང་རྒྱལ་ཁབ་༡༣༠་ལྷག་ནས་མི་ཉིས་ཁྲི་ལྷག་གིས་མཚན་རྟགས་བཀོད་པའི་ཞུ་གཏུག་ཡི་གེ་ཞིག་ཕུལ་ཏེ། བོད་ཀྱི་གནས་སྟངས་བརྗོད་པའི་བོད་མི་རྣམས་ཀྱི་སྐད་ཆ་ནི་བཀག་འགོག་གང་ཡང་མེད་པར་སྤྱི་ཚོགས་དྲ་རྒྱ་དེའི་སྟེང་གོ་ཐུབ་པ་བྱེད་དགོས་ཞེས་འབོད་སྐུལ་བརྒྱབ་ཡོད།། དེ་ཡང་ཕྱི་ཟླ་བཅུ་གཉིས་པའི་ནང་དགེ་འདུན་པ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་སྲེག་སྒོས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བའི་བརྙན་པར་ཞིག་བོད་ཀྱི་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་ངོ་དེབ་སྟེང་དུ་བཀོད་པ་དེ། ངོ་དེབ་ལས་ཁུངས་ཀྱིས་ནག་བསུབ་བྱས་པར་བརྟེན། འོད་ཟེར་ལགས་ཀྱིས་ངོ་རྒོལ་གནང་བ་དང་། ངོ་དེབ་ལས་ཁུངས་ཀྱིས་ནང་དོན་འཇིགས་སུ་རུང་བ་ཡིན་པས་བཀག་པ་ཡིན་ཞེས་འགྲེལ་བཤད་བྱས་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG